14906

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:08, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ངག་དབང་འཇམ་དབྱངས་བློ་གྲོས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བདུན་པའི་དཀྱིལ་དུ་འཁྲུངས། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་སོགས་སློབ་དཔོན་དུ་བསྟེན། གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས། གསུང་རྩོམ་ནི་ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་དང་། སེ་ཀུ་བྱ་ཁྱུང་དགོན་གྱི་བཅའ་ཡིག སྔགས་ཀྱི་བསླབ་བྱ་དངོས་གྲུབ་སྙེ་མ། མི་ཏྲ་བརྒྱ་རྩའི་མངོན་དཀྱིལ་གྱི་རྣམ་བཤད་རྡོ་རྗེ་ཐེག་པའི་གནད་དོན་ཀུན་གསལ་ནོར་བུའི་མེ་ལོང་། སེང་གེ་སྒྲའི་སྒྲུབ་ཐབས་བཅས་ཆོས་ཚན་ལྔ་བཅུ་ང་བཞི་ལོངས་པའི་པོད་བཞི་བཞུགས།