15037
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་གི་ཉིན་ཕྱེད་ནས་ཚེས་བདུན་གྱི་ཉིན་ཕྱེད་བར་ས་བདག་ངན་པ་ཉི་མ་ནག་ཆེན་དང༌། དེ་མིན་པའི་ས་བདག་ངན་པ་གཞན་བརྒྱད་པོ་བཅས་མཉམ་དུ་ཁེལ་རྒྱུ་ཡིན་པའི་དུས་ཚོད་ངན་ཤོས་ཤིག་སྟེ། བོད་དབུས་གཙང་གི་ས་གནས་མང་ཆེ་བར་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་ཕྱེད་ནས་ཚེས་བདུན་ཉིན་ཕྱེད་བར་དུས་ཚོད་ངན་པ་དགུ་འཛོམས་པས། ཁ་སྒྲས་གླེང་གཞིའི་ཟས་མི་ཟ། རྒྱལ་བའི་གསུང་མི་སྒྲོག་ཅེས་དེ་སྔའི་ལོ་ཐོའི་ནང་ཡང་དེ་ལྟར་བགོད་སྲོལ་ཡོད་པས། ཁྱོན་ངན་པ་དགུ་འཛོམས་ན། ང་བཟང་པོ་བཅུ་འཛོམས་ཞེས་དེ་ཡི་བཟློག་ཕྱོགས་རང་རང་གི་དགའ་ཉེ་བློ་དཀར་རྣམས་ཕན་ཚུན་མགྲོན་འབོད་ཐུགས་སྤྲོ་གཏོང་བས་མཚོན་གང་དགའ་གང་སྐྱིད་དུ་སྡོད་སྲོལ་ཡོད་པ་ནི་ངན་པ་དགུ་འཛོམས་སུ་འབོད་པ་དེའོ། ། |
| Domain | རྩིས་རིག |