15312

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:12, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ངེས་པའི་ཡན་ལག་ཐབས་སྒོ་བཅུ་གཉིས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ངེས་པའི་གསང་སྒོ་འབྱེད་པར་བྱེད་པའི་ཡན་ལག་དྲུག་གི་ནང་གསེས། ངེས་པའི་ཡན་ལག་ཐབས་སྒོ་བཅུ་གཉིས་སམ་རྒྱུད་དོན་གཏན་ལ་འབེབས་སྐབས་རྒྱུད་རང་རང་དང་མཐུན་པར་དོན་ངེས་པར་བྱེད་པའི་ཡན་ལག་བཞི་གསུམ་བཅུ་གཉིས་ཏེ། ཞེན་ཆགས་ཅན་གྱི་གདུལ་བྱ། ལོག་སྲེད་ཅན་གྱི་གདུལ་བྱ། རིགས་རྒྱུད་ཅན་གྱི་གདུལ་བྱ། བློ་གྲོས་མཆོག་དང་ལྡན་པའི་གདུལ་བྱ་བཅས་སྣོད་རྣམ་པ་བཞི་དང་། གསང་བའི་སྐུ། སྤྲུལ་པའི་སྐུ། ལོངས་སྤྱོད་རྫོགས་སྐུ། ཆོས་སྐུ་བཅས་སྟོན་པ་བཞི་དང་། འདོད་པ་རང་རྐྱེན་གྱི་ཐེག་པ། བཀྲི་དྲང་བརྒྱུད་པའི་ཐེག་པ། ལྡེམ་དགོངས་སྦྱོར་བའི་ཐེག་པ། དོན་དམ་ངེས་པར་སྣང་བའི་ཐེག་པ་བཅས་བསྟན་པ་བཞི་སྟེ་བཅུ་གཉིས་སོ། །ཡང་ན། སྣོད་བཞི། བསྟན་པ་བཞི། ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་པོ་གསང་བའི་སྤྱི་ཐེམས་ཆེན་པོ་བཞིར་སྦྱར་བ་དང། ཡང་ན། སྣོད་བཞི། ཆོས་རྟགས་བཞི། ཆོས་རྟགས་ཀྱི་དོན་བཞིའོ། །འདི་དག་ལ་མདོ་འགྲེལ་མུན་པའི་གོ་ཆ་དང་གཟི་ལྡན་འཆར་ཁ་བཅས་སུ་བགྲང་ཚུལ་མི་འདྲ་བ་གསུམ་ཙམ་སྣང་།
Domain ཆོས་ལུགས།