15518
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་བ་ཨ་ལག་ཤ་མཁན་པོ་སྐུ་ཕྲེང་ལྔ་བ་ཡིན། སྒྲ་མིང་ལ་ཚངས་སྲས་བཞད་པའི་རྡོ་རྗེ་ཟེར། རབ་བྱུང་བཅོ་ལྔ་བའི་ལྕགས་ལུག་ཕྱི་ལོ་ ༡༨༧༡ ལར་ཨ་ལག་ཤའི་རྒྱལ་རིགས་སུ་སྐུ་འཁྲུངས། པཱ་རིང་ཁེ་དགའ་ལྡན་བསྟན་རྒྱས་གླིང་དང་དབུས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་རྣམས་ལ་གསན་སྦྱོང་མཐར་ཕྱིན་མཛད། མདོ་སྨད་དུ་ཕེབས་ནས་དགེ་བཤེས་དཔའ་རིས་རབ་གསལ་ལས་མདོ་སྔགས་རིགས་གནས་ཀུན་ལ་དཔྱིས་པར་སྦྱངས་པས་མཁས་གྲགས་རྒྱས། སླར་དབུས་སུ་ཕེབས་ནས་རྩེ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོར་བཞུགས། ཕྱི་ལོ་༡༩༢༠ལོར་དཔའ་རིས་ཡར་ལུང་དགོན་པའི་བླ་མ་ཁྲི་བཅའ་ཡིག་མཛད། རྒྱལ་བ་ཚངས་དབྱངས་པའི་སྐུ་གདུང་བཞུགས་ཁང་རྒྱ་ཆེར་བཞེངས་པ་པ་དང་དུས་བཞི་ཆོས་ཐོག་བཙུགས་པ་སོགས་སོག་ཡུལ་དུ་བསྟན་པ་རྒྱ་ཆེར་སྤེལ། དགུང་ལོ་དོན་བཞི་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ཕྱི་ལོ་༡༩༤༤ལོར་དགོངས་པ་རྫོགས། གསུང་རྩོམ་པོད་བརྒྱད་བཞུགས། |