15625
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གནམ་ཆོས་མི་འགྱུར་རྡོ་རྗེ་ནས་དགོན་པ་རྒྱ་བསྐྱེད་གནང་ཞིང་། རྙིང་མ་གྲྭ་ཚང་གི་བླ་མ་བསྟན་འཛིན་རྒྱ་མཚོ་དང་། ཀརྨ་བསྟན་འཛིན། བླ་མ་བློ་ལྡན། བླ་མ་དུང་རྒྱལ་རྣམས་ཀྱིས་བསྐྱངས། དུས་འགྱུར་སྐབས་སུ་ཐམས་ཅད་ལྷག་མེད་དུ་སོང་། སླར་ཡང་བུ་ནེ་བླ་མ་བཀྲ་དགེ་དང་། མ་གྲོང་བཙན་གཉེར་ཀུན་བཟང་ཉི་མ་གཉིས་ཀྱིས་རི་ཁྲོད་ཉམས་གསོ་བྱས། ཐུགས་སྒྲུབ་བར་ཆད་ཀུན་སེལ་སོགས་ཀྱི་སྒྲུབ་པ་རྒྱུན་འཚོགས་དང་། སྨྱུང་གནས། ཡར་མར་གྱི་ཚེས་བཅུ་སོགས་འཚོགས་རྒྱུ་ཡོད། རི་བོ་ཆེའི་གཙུག་ལག་ཕྲ་འཁྱིལ་མའི་ས་དགྲ་བཅོམ་པའི་ཕྱིར། མཐའ་འདུལ་གྱི་རི་ཁྲོད་དུ་བཞེངས་པ་ཡིན་ཟེར་སྲོལ་ཡོད་ཅིང་། གུ་རུའི་ཞབས་རྗེས་ངོ་མཚར་ཅན་ཞིག་ཀྱང་མཇལ་རྒྱུ་ཡོད། ཆོས་བརྒྱུད་ཀཿཐོག་ཡིན་པར་བཤད། |