15914
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དགུ་པའི་མེ་རྟ་ཕྱི་ལོ་ ༡༥༤༦ ལོར་མདོ་སྨད་ཅོ་ནེའི་ཟུང་ཇུར་འཁྲུངས། གཞོན་དུས་ནས་དབུས་སུ་ཕེབས། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། མཁས་པ་ཆེན་པོར་གྱུར། ཡིག་གཟུགས་ཀྱི་མཛེས་རྩལ་ལ་མཁས། དགེ་འདུན་རྒྱལ་མཚན་གྱིས་མཚན་ལ་བསོད་ནམས་དོན་གྲུབ་ཅེས་གསོལ། གསང་ཕུ་སྤེ་སེར་དང་། རྒྱུད་སྟོད། ཤར་བཅས་ཀྱི་བླ་མ་མཛད་སྐབས་སྡེ་བ་སྐྱིད་ཤོད་པ་དང་། རྩོད་གཞི་བྱུང་ཡང་ཆོས་རྗེ་དགེ་འདུན་རྒྱལ་མཚན་གྱིས་ཐབས་མཁས་ཀྱི་སྒོ་ནས་ཞི་བར་མཛད། སྡེ་བ་སྐྱིད་ཤོད་པ་སྦྱིན་བདག་ཏུ་གྱུར། རེ་གཉིས་པ་རབ་བྱུང་བཅུ་པའི་མེ་ལུག་ཕྱི་ལོ་ ༡༦༠༧ ལོར་དགའ་ལྡན་གསེར་ཁྲིར་ཕེབས། གསེར་ཁྲི་ལོ་ངོ་བརྒྱད་རིང་བསྐྱངས། མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། ལི་མ་ལྷ་ཁང་གསར་བཞེངས་གནང་། དོན་གསུམ་པ་རབ་བྱུང་བཅུ་པའི་ས་རྟ་ཕྱི་ལོ་ ༡༦༡༨ ལོར་སྐུ་གཤེགས། དངུལ་གདུང་བྱང་ཆུབ་མཆོད་རྟེན་བཞེངས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་རྩ་དགུ་བ་ཡིན། |