15920
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་མེ་ལུག་ཕྱི་ལོ་ ༡༧༨༧ ལོར་མཚོ་སྔོན་དུ་ཡབ་བསོད་ནམས་དར་རྒྱས་དང་། ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བླ་མ་དང་། ཆོས་སྐྱོང་ཁག་གི་ལུང་བསྟན་ལ་བསྟེན་ནས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། གདན་ས་ཆེན་མོའི་མི་ཉག་སྒར་བར་གདན་དྲངས། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། གཞུང་བཀའ་པོད་ལྔ་ལ་སྦྱངས། རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་ལམ་འབྲས་བུའི་རྒྱུད་ཀྱི་དཀའ་གནད་མཐའ་དག་ཐུགས་སུ་ཆུད། རྒྱུད་པའི་དབུ་མཛད། སྨན་པ་དཔོན་སློབ། རྒྱུད་པ་མཁན་པོའི་ཁྲིར་བཞུགས། སྒོ་མེ་མཆོད་རྟེན་སྐེས་དགོན་པའི་ཁྲིར་ཕེབས། སློབ་མ་མང་པོར་སོ་ཐར་གྱི་སྡོམ་པ་དང་། འདོན་ཆོས་འབད་མེད་དུ་བསྩལ། རབ་བྱུང་བཅུ་བཞི་པའི་མེ་རྟ་ཕྱི་ལོ་ ༡༨༤༦ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་ཕེབས། གདན་ས་ལོ་ངོ་བཞིའི་རིང་བསྐྱངས། དོན་དགུ་པ་རབ་བྱུང་བཅུ་བཞི་པའི་ཤིང་གླང་ཕྱི་ལོ་ ༡༨༦༥ ལོར་སྐུ་གཤེགས། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ང་བཞི་པ་ཡིན། |