15941
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཅིག་པའི་སྨད་དུ་འཁྲུངས། བོད་ཡུལ་དུ་སློབ་གཉེར་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོ་བསྟེན། རྒྱ་གཞུང་དང་ལེགས་སྦྱར་བཅས་ལ་ནང་བྱན་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་སྒྲོལ་མ་དཀར་མོ་ལ་བརྟེན་ནས་སྟོང་པ་ཉིད་བསྒོམ་པ་དང་། སྒྲོལ་མ་སྔོན་མོ་ལ་བརྟེན་ནས་ལོག་པར་ལྟ་བ་སུན་དབྱུང་བ། སྒྲོལ་མ་སེར་མོ་ལ་བརྟེན་ནས་ཆོམ་རྐུན་བཅིང་བ། སྒྲོལ་མ་དམར་མོ་ལ་བརྟེན་ནས་རིག་པ་བསྐྱེད་པ། སྒྲོལ་མ་ལྗང་སེར་ལ་བརྟེན་ནས་འཆི་བ་བླུ་བ། མེ་ཏོག་ཕྲེང་འཛིན་གྱི་སྒྲུབ་ཐབས་བཅས་བཞུགས། |