15944

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:15, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཅོག་གྲྭ་གསུམ་པ་ངག་དབང་པད་དཀར་ (1)
Part of speech མིང་ཚིག
Definition ཅོག་གྲྭ་གསུམ་པ་ངག་དབང་པད་དཀར་རམ་བློ་གྲོས་ཚངས་དབྱངས་དབང་པོ་མཆོག་ནི། ཡབ་གསོ་རིག་ལ་མཁས་པར་གྲགས་པ་ཞིག་གི་སྲས་སུ་འཁྲུངས། ཡོངས་འཛིན་གསུམ་པ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ ༡༦༧༧ ལོར་འཁྲུངས་པས། ལོ་དུས་འདིའི་ཡས་མས་སུ་སྐུ་འཁྲུངས་པ་ཞིག་ཡིན་འདུག། ཡོངས་འཛིན་གསུམ་པའི་སློབ་མར་གྱུར་ཅིང་། རྗེ་འདི་ཉིད་ཀྱིས་ཀྱང་གསོ་བ་རིག་པ་ཕྱག་བཞེས་མཛད་དེ། གངས་ཏི་སེར་གནས་མཇལ་དུ་ཕེབས་སྐབས་གངས་སེང་དཀར་མོས་འོ་མ་ཕུལ་བར་གྲགས་པ་ལ། སྡིངས་ཆེའི་ཁྱད་འཕགས་རིན་ཆེན་རིལ་བུ་སྨན་སྦྱོར་མཛད་པ་སོགས་འགྲོ་དོན་གཞན་ཕན་རྒྱ་ཆེ་ཞིང༌། ཡོངས་འཛིན་གསུམ་པ་དགེ་ལེགས་བཞད་པ་སོགས་བླ་མ་མང་པོ་བསྟེན། མཁས་གྲུབ་གཉིས་ལྡན་ཞིག་ཡིན། དགུང་གྲངས་ལྔ་བཅུ་སྐོར་བཞུགས་པར་གྲགས་སོ། །