15978

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:15, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཅོང་ཞི་ (1)
Part of speech མིང་ཚིག
Definition གཅོང་ཆེན་སྡེ་བཞི་སོགས་གཅོང་གིན་ནད་མཐའ་དག་སེལ་ནུས་པའི་ཕྱིར་ཅོང་ཞི་ཞེས་མིང་དུ་བཏགས་པ་སྟེ། ངོ་བོ་རྡོ་རིགས་ཁྲོབ་པས་བཏུལ་སླ་བ་དང༌། རྡོ་ལ་རི་མོ་བྲིས་ན་དཀར་པོ་དོད་པ། སོལ་མེར་དམར་ཧང་བསྲེགས་རྗེས་དཀར་པོ་དང་དེ་ཆུར་སྦྱངས་ན་ཞོ་ལྟར་འགྲོ་བ་སོགས་ཀྱི་མཚན་ཉིད་ལྡན་པའི་རྡོ་སྨན་གྱི་རིགས་ཤིག་སྟེ། འདི་ལ་གཙོ་བོའི་དབྱེ་བ་ཕོ་ཅོང་། མོ་ཅོང་། མ་ནིང་ཅོང་། བུ་ཅོང་། བུ་མོ་ཅོང་བཅས་ལྔ་ཡོད་ལ་འདི་དག་ཕལ་ཆེར་ནི་རང་བྱུང་གཏེར་རྡོའི་རིགས་ལས་འབྱུང་བ་གང་ཞིག རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་ཕོ་ཅོང་ཅུང་ཟད་དྲོ་བ་དང༌། མོ་ཅོང་ནུས་པ་བསིལ་བ། མ་ནིང་ཅོང་ཞི་ནུས་པ་སྙོམས་ལ་འཇམ་པ་ཡིན་པས་སྤྱིའི་ཕན་ཡོན་ཡང་ཚ་གྲང་གི་འཁྲུ་བ་གཅོད་པ་དང༌། བད་ཀན་གྱི་ཚ་བ་སེལ་བ། འདུས་པ་སྨུག་པོའི་ནད་ལ་མཆོག་ཏུ་གྱུར་པ། རུས་པའི་དྭངས་མ་གསོ་བ་སོགས་ཚ་གྲང་ཀུན་ལ་བདུད་རྩི་འདྲ་བར་གསུངས་ལ། དེ་ཡང་ཕོ་ཅོང་མོ་དང༌། མོ་ཅོང་ཕོ། མ་ནིང་ཕོ་མོ་ཐུན་མོང་དང༌། ཚ་ཤས་ཅན་ལ་བུ་ཅོང་དང༌། གྲང་ཤས་ཅན་ལ་བུ་མོ་ཅོང་ཞི་གཏོང་བ་གཟབ་པའོ། །
Synonyms གཅོང་ནད་གཅིག་ཐུབ། རྡོ་བཅུད། རྡོའི་དྭངས་མ། རྡོའི་ད་བྱིད། ཚིལ་བུ་དར་ཡ་ཀན། མཚན་མོའི་འོད་ཅན། ཟླ་བའི་བུ། རུས་པའི་གསོས། ཤེ་ལོ་ད་ཀ སྲིད་པའི་ཁམས། སྲིད་པའི་བཅུད་བསྡུས། སྲིད་པའི་བྱང་སེམས་དཀར་པོ། ལྷ་བུའི་ཁམས། བདུད་རྩི་ཅོང་ཞི། རྡོའི་ཚིལ་བུ།