16065

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:15, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆ་མཐུན་སྦྱོར་བའི་ལུང་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གསུངས་པའི་འགྲོལ་བའི་ལྡེ་མིག་མདོ་བཞི་ལས་མཐུན་འཇུག་སྦྱོར་བའི་ལུང་གི་ནང་གསེས་ཤིག་སྟེ། ཕ་རོལ་དང་ཆ་མཐུན་པར་སྤྱད་དེ་དོན་ལ་སྦྱོར་བའི་ཕྱིར་ཆ་མཐུན་སྦྱོར་བའི་ལུང་ཞེས་བྱ། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་ཕ་རོལ་པོ་དག་གི་སྲོག་གཅོད་སྤོང་བ་ལ་སོགས་པའི་ཆ་ཁོ་ན་བཞིན་དུ་དེ་དང་མཐུན་པར་རང་ཡང་སྤྱད་པས་མཐར་ཐེག་པ་ཆེན་པོ་འདི་ཉིད་ནས་གསུངས་པ་ལྟར་དོན་གྱི་རང་བཞིན་རྟོགས་པ་ལ་སྦྱོར་བར་བྱས་ཏེ་ཡང་དག་པར་འདྲེན་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཆ་མཐུན་སྦྱོར་བའི་ལུང་

|; |@@@ | | }}