16214

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:16, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་ (1)
Part of speech མིང་ཚིག
Definition མཚན་ཉིད་ནི། སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་པའི་ཉན་ཐོས་གང་ཞིག བཅུ་དྲུག་པའི་རྟོགས་པ་ཐོབ་པ་དང་དུས་མཉམ་དུ་ཕྱིར་འོང་གི་འབྲས་བུ་ཐོབ་པར་འགྱུར་བའོ། །དབྱེ་བ་ལ། སྤངས་པའི་སྒོ་ནས་དབྱེ་བ། རྟོགས་པའི་སྒོ་ནས་དབྱེ་བ། དབང་པོའི་སྒོ་ནས་དབྱེ་བ་དང་གསུམ་ལས། དང་པོ་ནི། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས། བདུན་པ་སྤངས། བརྒྱད་པ་སྤངས་པ་དང་གསུམ་མོ། །གཉིས་པ་ནི། སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་དང། མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་ལ་གནས་པ་སྟེ་བཅུ་དྲུག་གོ ། གསུམ་པ་ནི། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་དད་པས་རྗེས་འབྲང་དང། ཆོས་ཀྱི་རྗེས་འབྲང་གཉིས་སོ། །དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་གང་ཞིག། དད་པ་ལྷག་པས་གཞན་གྱིས་བསྟན་པའི་རྗེས་སུ་འབྲངས་ཏེ་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བའོ། །དེ་གང་ཞིག་ཤེས་རབ་ལྷག་པས་རང་ཉིད་ཀྱིས་བདེན་པའི་དབང་དུ་བྱས་ཏེ་ཆོས་ཀྱི་རྗེས་སུ་འབྲངས་པས་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བའོ། །སྤངས་པའི་ཁྱད་པར། མཐོང་སྤང་ལ་ལྟོས་པ་དང། སྒོམ་སྤང་ལ་ལྟོས་པ་གཉིས་ལས། དང་པོ་ནི་ཆགས་བྲལ་སྔོན་སོང་གི་ཞུགས་པ་གཉིས་དང་། རྒྱུན་ཞུགས་ཞུགས་པ་གསུམ་ཆར་གྱིས་མངོན་པ་གོང་མ་ལྟར་ན། མཐོང་སྤང་ཅུང་ཟད་ཀྱང་མ་སྤངས་པ་ཡང་ཡོད་དེ། སྡུག་བསྔལ་ཆོས་བཟོད་ལ་གནས་པའི་གང་ཟག་གསུམ་པོ་དེས་མཐོང་སྤང་ཅུང་ཟད་ཀྱང་མ་སྤངས་པའི་ཕྱིར་རོ། །མཐོང་སྤང་ཉོན་མོངས་པ་མ་ལུས་པར་སྤངས་པ་ཡང་ཡོད་དེ། ལམ་ཆོས་ཤེས་དང། རྗེས་བཟོད་ལ་གནས་པའི་གང་ཟག་གསུམ་པོ་དེས་མཐོང་སྤང་ཉོན་མོངས་མ་ལུས་པར་སྤངས་པའི་ཕྱིར་རོ། །མཛོད་ལྟར་ན། གང་ཟག་གསུམ་པོ་དེས་ཁམས་གོང་གི་ལམ་མཐོང་སྤང་མ་སྤངས་པ་གཅིག་དགོས་ཏེ། ལམ་རྗེས་བཟོད་དེ་ཁམས་གོང་གི་ལམ་མཐོང་སྤང་གི་དངོས་གཉེན་ཡིན་པའི་ཕྱིར་རོ། །གཉིས་པ་སྒོམ་སྤང་ལ་ལྟོས་པའི་ཁྱད་པར་ནི། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པས་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་ངེས་པར་སྤངས་པ་ཅིག་དགོས་ཤིང་བདུན་པ་དང་། བརྒྱད་པ་སྤངས་མ་སྤངས་ཅི་རིགས་པ་ཡོད་ལ་དགུ་པ་མ་སྤངས་པའོ། །རྟོགས་པའི་ཁྱད་པར་ནི། མཛོད་ལྟར་ན་སྡུག་བསྔལ་ཆོས་བཟོད་རང་རྒྱུད་ལ་ཐོབ་ཅིང་ལམ་རྗེས་ཤེས་མ་ཐོབ་པའོ། །ཀུན་བཏུས་ལྟར་ན། སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་ཅིང་ལམ་རྗེས་ཤེས་མ་ཐོབ་པའོ། །སྟན་ཐོག་གཅིག་ལ་སྦྱོར་ལམ་གང་ལ་མཉམ་པར་བཞག་པའི་མཉམ་གཞག་ལས་མ་ལངས་བཞིན་དུ་མཐོང་ལམ་ཐོབ་པར་འགྱུར་བ་སྟེ་འདིའི་ལུགས་ལ་བཟོད་ཆེན་དང་ཆོས་མཆོག་གཉིས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་

|; |@@@ | | }}

ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་ (2)
Part of speech མིང་ཚིག
Definition འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་དང་། ཆགས་བྲལ་སྔོན་སྲོང་གི་ཕྱིར་འོང་ཞུགས་པ་གང་རུང་ཡང་ཡིན། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་ཉོན་མོངས་དྲུག་པ་སྤངས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས་དེ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པའི་མཚན་ཉིད་ཡིན་ནོ།

{{#arraymap:ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་

|; |@@@ | | }}

ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་ (3)
Part of speech མིང་ཚིག
Definition འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་དང། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་གང་རུང་ཡང་ཡིན། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་ཉོན་མོངས་དྲུག་པ་སྤངས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས་དེ་ཆགས་འབྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པའི་མཚན་ཉིད་ཡིན། དེ་ལ་དབྱེ་ན་དེར་འགྱུར་པའི་དད་པའི་རྗེས་དྲང་དང། ཆོས་ཀྱི་རྗེས་འབྲང་གཉིས་སུ་ཡོད། ས་མཚམས་ནི། ཉན་ཐོས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཁོ་ནའི་གནས་སྐབས་སུ་འཇོག་པ་ཡིན་ཏེ། ཉན་ཐོས་ཀྱི་མཐོང་ལམ་བཟོད་པ་བརྒྱད་དོན་གཅིག་པའི་ཕྱིར་རོ། །

{{#arraymap:ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་

|; |@@@ | | }}