From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཆང་ཆེམས་ (1)
| Part of speech
|
མིང་ཚིག
|
| Definition
|
ཆང་འཐུང་སའི་གནས་ཁང་།
|
| Type
|
བརྡ་རྙིང་།
|
ཆང་ཆེམས་ (2)
| Part of speech
|
མིང་ཚིག
|
| Definition
|
ཆང་གིས་བཟི་བའི་མིང་སྟེ། ངག་སྒྲོན་གྱི་འགྲེལ་བ་ལས། ཆང་ཆེམས་ཆང་ཁང་དང་ཆང་བཟི། ཞེས་གསུངས།
|
ཆང་ཆེམས་ (3)
| Part of speech
|
མིང་ཚིག
|
| Definition
|
ཆང་དལ་བུས་འཐུང་བའི་དོན་ཏེ། བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ་ལས། ཆང་ཆེམས་ཆང་དག་དལ་བུས་འཐུང་བའི་མིང༌། །ཞེས་གསུངས། གཞན་ཡང༌། བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན་ལས། ཆང་ཆེམས་ཞེས་པ་འདི་ཆང་དང་འབྲེལ་དུས་ཆང་འཐུང་ཆེ་བ་དང་དགྲ་བགེགས་ཀྱི་སྙིང་དང་འབྲེལ་བའི་ཚེ་སྙིང་བརླག་པའི་ཤོགས་རལ་ཆེ་བར་འཇུག་འདྲ། ཞེས་ཀྱང་གསུངས་སོ། །
|