16340
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཆད་པས་བཅད་པའི་ལས་ནི་བཅུ་བཞི་སྟེ། སྡིགས། སྨད། བསྐྲད་པ། ཕྱིར་འགྱེད་བཞི་དང། གནས་ཕྱུང་བདུན་དང། གསོ་སྦྱོང་དང་དགག་དབྱེ་བཞག་པ་གཉིས་དང། གསོལ་བ་ཙམ་ཡང་བཞག་པ་སྟེ། བཅུ་བཞི་པོ་དེ་དང་དེ་ལ་བྱ་བའི་ཆད་པའི་ལས་རྣམས་སོ། །དཔེར་ན་དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་མ་འཆོས་པར་རྒྱུན་དུ་བྱེད་པ་བཞི་ཚུན་ཆད་ལ་ཐོག་མར་ལྟུང་བ་གླེང་དྲན་དང། ཚིག་འཇམ་པོས་བཞམས་སྒོ་བྱས་ལ། དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་སྨད་པ་ནན་ཏུར་གྱི་ལས་བྱེད་པ་ལྟ་བུས་མཚོན་ནས་ཤེས་པར་བྱའོ། ། |
| Domain | ཆོས་ལུགས། |