16342
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཐལ་འགྱུར་པ། མཐའ་གཉིས་ཀྱི་ནང་གསེས་ཤིག་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། ཆད་པའི་མཐར་འཛིན་གྱི་ཁྱད་པར་ཡོད་དེ། ཕྱི་རོལ་པ་ཁ་ཅིག ། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པ་དང༌། དངོས་པོ་རྣམས་ལ་རྒྱུ་མེད་པ་དང༌། སྐྱེ་བ་སྔ་ཕྱི་མེད་པར་འཛིན་པའི་སེམས་བྱུང་དང༌། ནང་སྡེ་ཁ་ཅིག་སྲིད་པ་བར་དོ་མེད་པ་དང༌། དངོས་པོ་སྨྲ་བ་རྣམས་ཀྱིས་རང་ངོས་ནས་གྲུབ་པའི་དངོས་པོ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པའི་དུས་སུ་ཞིག་པར་འཛིན་པའི་སེམས་བྱུང་རྣམས་ཆད་པའི་མཐར་འཛིན་དང༌། དེའི་ཞེན་ཡུལ་རྣམས་ཆད་མཐའ་ཡིན་པའི་ཕྱིར། རང་བཞིན་གྱིས་གྲུབ་པའི་དངོས་པོ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་པར་འཛིན་པའི་བློ་དེ་ལ། དངོས་པོ་མེད་པར་འཛིན་པའི་འཛིན་སྟངས་དངོས་སུ་མེད་ཀྱང༌། ཆད་པའི་མཐར་འཛིན་དུ་འགྱུར་ཚུལ་ཡོད་དེ། གོང་དུ་བཤད་པ་ལྟར་དངོས་པོ་རང་བཞིན་གྱིས་གྲུབ་ན་དངོས་པོའི་ཡོད་པ་དེ་དངོས་པོའི་རང་བཞིན་ཡིན་དགོས། དེ་ཡིན་ན། དེ་དངོས་པོའི་གནས་ལུགས་དང་རྟག་པ་ཡིན་དགོས། གནས་ལུགས་དང་རྟག་པ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པའི་དུས་སུ་ཞིག་ན་དེ་དག་ལ་སྐུར་འདེབས་ཡིན་པའི་ཕྱིར། དང་པོ་དེར་ཐལ། སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་པའི་ཕྱིར། དོན་གཅིག་ལ། ཆད་མཐའ་དང་། མེད་མཐའ་འོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |