16381
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། བསྟན་པའི་གདུལ་ཞིང་འཇིག་རྟེན་སྣང་སྲིད་སྣོད་བཅུད་ལ་ཕན་བདེ་བསྐྱེད་པའི་ཐབས་སུ་གསུངས་པའི་བོན་སྡེའི་སྐོར་ཞིག་ཡིན། ཐེག་པའི་དབང་དུ་བྱས་ན་བཀའ་ལྷོ་ཡི་གཏེར་ལུགས་ཀྱི་རྒྱུ་ཐེག་གཉིས་པ་སྣང་གཤེན་གྱི་ཐེག་སྒོ་རུ་གཏོགས། དེ་ལ་སྡེ་ཚན་དུ་དབྱེ་ན། གཞུང་ཚན་བཞི་སྟེ། ཆབ་ནག་ཆུ་བོ་སེལ་གྱི་སྒོ། ཆབ་དཀར་འདྲེ་དང་སྲི་ཡི་སྒོ། འཕན་ཡུལ་མཉམ་བརྗེ་གླུད་ཀྱི་སྒོ། དཔོན་གསས་ཕྱྭ་བརྙན་གཏོ་ཡི་སྒོ་བཅས་ཡོད་དོ། །དེ་བཞི་ལ་ཆབ་ནག་གྱེར་གྱི་སྒོ་བཞི་ཡང་ཟེར། དེ་དག་ནང་གསེས་བྱེ་བྲག་ཏུ་དབྱེ་བ་མང་ངོ་། །བོན་སྒོ་དེ་རྣམས་ཀྱང་སྟོན་པ་སངས་རྒྱས་ཉིད་ཀྱིས་གཤེན་གྱི་དགུང་ལོ་གཉིས་བཞེས་པའི་མཚམས་སུ་གསས་མཁར་ཁྲི་སྨོན་རྒྱལ་བཞད་དུ་འཁོར་གྱི་འབྲིང་པོར་དམ་དུ་བཅས་པ་ལྷ་མིན་གཡེན་སྡེ་སོ་གསུམ་ལ་གཏན་ལ་ཕབ་པར་བཤད་དོ། ། |
| Domain | ཆོས་ལུགས། |