16434

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:16, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆའི་རྒྱན་ (1)
Part of speech མིང་ཚིག
Definition དོན་རྒྱན་གྱི་ནང་གསེས་བཅོ་ལྔ་བ་སྟེ། མེ་ལོང་ལས། ཆ་ནི་ཆ་ཡི་དངོས་པོ་ཡི། །རང་བཞིན་ངེས་པར་གསལ་བ་སྒྲིབ། །ཞེས་གསུངས་པ་ལྟར། བསྒྲིབ་བྱ་དངོས་པོའི་རང་བཞིན་མི་མཛེས་པའི་རྣམ་པ་ངེས་པར་གསལ་བ་དེ། སྒྲིབ་བྱེད་དངོས་པོ་དེ་དང་ཆོས་མཐུན་ཞིང་མི་མཛེས་པ་མེད་པ་ཆོས་གང་རུང་ཞིག་བརྗོད་པའི་ཟོལ་གྱིས་སྐྱོན་མཚང་གི་རྣམ་པ་དེ་སྦེད་ཅིང་མི་མངོན་པར་བྱེད་པའི་རྒྱན་ཞིག་སྟེ། འདི་ལ་ནང་གསེས་རྣམ་གྲངས་བཞི་ཡོད་པ། འོས་པའི་ཆ། མི་འོས་པའི་ཆ། སྨད་པའི་ཆ་ལས་བསྟོད་པ། བསྟོད་པའི་ཆ་ལས་སྨད་པ་རྣམས་སོ། །
Example བོད་མཁས་པས། ཚོགས་དབུས་གསུང་རབ་དཀའ་བའི་གནས་དག་ལ། །འབེལ་མཆིད་གླེང་ཚེ་ལྡབ་ལྡིབ་སྒྲ་གཞན་དང་། ། གློ་འགོག་ལུད་པ་ལུ་འདི་བྱང་ཁོག་ཁྱམས། །རྣག་གིས་ཟོས་པའི་རང་ཉམས་སྦ་ནུས་སམ། །ལྟ་བུའོ། །
Domain རྩོམ་རིག

{{#arraymap:ཆའི་རྒྱན་

|; |@@@ | | }}