16528

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:16, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆིག་ཆོད་ (1)
Part of speech མིང་ཚིག
Definition གཅད་བྱ་མང་པོ་གཅོད་བྱེད་གཅིག་གིས་ཆོད་པ་སྟེ།
Example བརྒྱ་གོ་ཆིག་ཆོད་བྱེད་པ་ལྟ་བུ་དང་། མི་ནུས་ལྡན་ཞིག་ཡིན་ན་བརྒྱ་ཁ་ཆིག་ཆོད་བྱེད་ཐུབ་ལྟ་བུ།
ཆིག་ཆོད་ (2)
Part of speech མིང་ཚིག
Definition བྱ་བ་མང་པོ་དུས་གཅིག་ལ་འཕྲོ་མ་ཆད་པར་བྱས་པའི་དོན་ཏེ།
Example ལས་དོན་ཚང་མ་ཆིག་ཆོད་དུ་བྱས་ལྟ་བུ་དང་། ཉིན་གཅིག་ཧྲིལ་བོའི་ནང་རྣམ་གྲངས་མི་འདྲ་བའི་གཞུང་ལས་ཆ་ཚང་ཧུར་ཐག་གིས་ཆིག་ཆོད་བྱས་ལྟ་བུ།
ཆིག་ཆོད་ (3)
Part of speech མིང་ཚིག
Definition ཐེ་ཚོམ་དང་རེ་དོགས་ཅི་ཡང་མེད་པར་ཐག་གཅོད་བྱས་པའི་དོན་ཏེ།
Example དཔོན་གྱིས་ཚམ་ཚོམ་མེད་པར་གྲོས་ཐག་ཆིག་ཆོད་བྱས་ལྟ་བུ།