16668

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆུ་ཉལ་ (1)
Part of speech མིང་ཚིག
Definition ཁྱབ་འཇུག་གི་སྔོན་བྱུང་ལ་སྦྱར་བའི་མིང་ཞིག་སྟེ། རིག་བྱེད་བཞི་རྒྱ་མཚོར་ནུབ་པ་འདི་ཉ་རུ་སྤྲུལ་ནས་ཕྱིར་བཏོན་པས་སོ། །
Type མངོན་བརྗོད།
ཆུ་ཉལ་ (2)
Part of speech མིང་ཚིག
Definition ཁྲོན་པའི་ཁྱད་ཆོས་དང་འབྲེལ་བའི་མིང་ཞིག་སྟེ། ཁྲོན་པ་བཞུར་རྒྱུ་མེད་པར་ཉལ་ནས་འདུག་པའི་ཚུལ་དུ་སྣང་བས་ནའོ། །
ཆུ་ཉལ་ (3)
Part of speech མིང་ཚིག
Definition ཆུ་བལ་གྱི་སྐྱེས་ཚུལ་དང་འབྲེལ་བའི་མིང་ཞིག་སྟེ། ཆུའི་ནང་དུ་ཉལ་ནས་སྐྱེས་པས་སོ། །