16948
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་གི་མིང་སྟེ། རྩ་བ་ཨ་ར་འདྲ་བའི་རྩ་ཕྲན་ཡིན་པ་དང༌། སྡོང་པོ་ཁོང་སྟོང་མདོག་དཀར་ཞིང་ཚིགས་པ་ཡོད་པ། ལོ་མ་རལ་གྲིའི་དབྱིབས་ཅན་མཐའ་འཁོར་སོག་ལེ་ཁ་འདྲ་བ། སྡོང་པོའི་ཚིགས་མཚམས་ནས་ལོ་མ་ཕན་ཚུན་ཁ་གཏད་དུ་སྐྱེ་བ། སྡོང་པོ་དང་ཡལ་གའི་རྩེར་མེ་ཏོག་དཀར་ཆུང་འདབ་མ་ལྔ་བརྩེགས་ཅན་འཆར་བ། འབྲས་བུ་སེར་ནག་ཆུང་ངུ་མང་པོ་སྨིན་པ་སྟེ། བོད་ཟླ་བདུན་པའི་ནང་ལོ་སྡོང་མེ་འབྲས་རྣམས་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་སྐྱུར་བ། ཞུ་རྗེས་སྐྱུར་བ། ནུས་པ་བསིལ་བས་དམུ་ཆུའི་ནད་རིགས་སྦྱོང་བར་བྱེད་པ་ཡིན། |