16971

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆུ་ལོན་ (1)
Part of speech མིང་ཚིག
Definition ཆུ་རགས་ཀྱི་མིང་སྟེ། འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས། ཆུ་ལོན་ནི་ཆུ་རགས་ཏེ་ཆུ་འགོག་ཕྱིར་ས་རྡོ་བརྩིགས་པ་ཞེས་གསུངས་ཤིང་།
Example མི་དབང་རྟོགས་བརྗོད་ལས། གཡུལ་གྱི་དོ་རར་ཆས་པ་ནི་བག་ཡངས་སུ་རྒྱུ་བ། ཆུ་ལོན་གྱིས་མ་ལྡོག་པའི་ཆུ་བོ་ཆེན་པོ་འབབ་པ་དང་འདྲ་བ་ཞེས་པ་ལྟ་བུ།
ཆུ་ལོན་ (2)
Part of speech མིང་ཚིག
Definition ཟམ་པའི་མིང་སྟེ། བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ་ལས། ཆུ་ལོན་རགས་སམ་ཟམ་པའོ་ཞེས་གསུངས་ཤིང་།
Example མི་དབང་རྟོགས་བརྗོད་ལས། དེ་མ་ཐག་མཚོན་རྩེ་གཅིག་པ་མདུང་རིང་གི་ཚོགས་བཅུ་ཕྲག་ཏུ་ཐ་གུས་བཅིངས་པ་བརྐྱངས་ཏེ་སྐད་ཅིག་གིས་ཕ་རོལ་ཏུ་བགྲོད་པར་བྱེད་པའི་ཆུ་ལོན་འདུ་བྱས་ནས་ཞེས་པ་ལྟ་བུ།