17144

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:18, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆུའི་ཁམས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འབྱུང་བ་བཞིའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རླན་ཞིང་གཤེར་བ་ཆུའི་ཁམས་ཀྱི་མཚན་ཉིད་ཡིན་ཏེ། མཆིམས་མཛོད་ལས། ས་ལ་སོགས་པའི་མཚན་ཉིད་གང་ཞེ་ན། སྲ་ཞིང་འཐས་པ་དང༌། རླན་ཞིང་གཤེར་བ་དང༌། དྲོ་བ་ཉིད་དང༌། ཡང་ཞིང་གཡོ་བ་རྣམས་ཏེ་གོ་རིམ་བཞིན་ནོ། །ཞེས་དང། མཛོད་རྩ་བ་ལས། འབྱུང་བ་དག་ནི་ས་ཁམས་དང་། །ཆུ་དང་མེ་དང་རླུང་ཁམས་རྣམས། །འཛིན་པ་ལ་སོགས་ལས་སུ་གྲུབ། །ཞེས་གསུངས། དོན་གཅིག་ལ། ཆུ། འབྱུང་བ་ཆུ། ཆུའི་ཁམས་རྣམས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:ཆུའི་ཁམས་

|; |@@@ | | }}