17226

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:18, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆེ་བ་བདུན་དང་སྦྱར་ཏེ་བཤད་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་ལུང་བསྟན་བརྒྱུད་པའི་མཚན་གྱི་རྣམ་གྲངས་བདུན་པོར་བཤད་ལུགས་རྣམ་པ་བདུན་དུ་གསུངས་པའི་གཉིས་པ་སྟེ། འདི་ནི་མཚན་གྱི་རྣམ་གྲངས་བདུན་པོ་བསྟན་པ་གཞན་ལས་འཕགས་པའི་ཆེ་བ་བདུན་དང་སྦྱར་ཏེ་བཤད་ཚུལ་ཡིན། དེའང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་ནི། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་ཡིན་ཅིང་དེར་སྐལ་དམན་རིམ་གྱིས་བགྲོད་ལ་འདིར་ཅིག་ཆར་དུ་སྟོན་པས་ཐེག་པའི་ཡང་རྩེ་ཡིན་པའི་ཆེ་བ་དང་སྦྱོར། དོན་གྱི་སྙིང་པོ་ནི། དེ་ཁོ་ན་ཉིད་ཡིན་ལ་དེ་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པས་མན་ངག་གི་རྩ་བ་ཡིན་པའི་ཆེ་བ་དང་སྦྱོར། རྡོ་རྗེ་བཀོད་པའི་རྒྱུད་ནི། རིག་པའི་བྱེ་བྲག་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་ཆེ་བ་དང་སྦྱོར། རྣལ་འབྱོར་གྲུབ་པའི་ལུང་ནི། ལུང་དོན་ཐམས་ཅད་འདིས་གཏན་ལ་འབེབས་པས་ན་ལུང་གི་སྤྱི་འགྲེལ་ཡིན་པའི་ཆེ་བ་དང་སྦྱོར། ཀུན་འདུས་རིག་པའི་མདོ་ནི། བསྟན་པ་རིལ་གྱི་དོན་འདི་ལ་འདུས་ཤིང་འདིས་གཅོད་པས་དོན་གྱི་མཇུག་སྡུད་ཡིན་པའི་ཆེ་བ་དང་སྦྱོར། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི། གསང་སྔགས་ཇི་བཞིན་པའི་དོན་ཉིད་རྒྱུད་འདིས་ཇི་ལྟ་བར་མཐོང་བར་བྱེད་པས་ཆོས་ཀྱི་མེ་ལོང་ཡིན་པའི་ཆེ་བ་དང་སྦྱོར། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི། བཀའ་རྒྱུད་ཐམས་ཅད་ལྷུན་གྱིས་གྲུབ་པ་འདི་ལས་སྣང་བའི་ཕྱིར་བསྟན་པའི་འབྱུང་གནས་ཡིན་པའི་ཆེ་བ་དང་སྦྱོར་ཚུལ་ལོ། །
Domain ཆོས་ལུགས།

{{#arraymap:ཆེ་བ་བདུན་དང་སྦྱར་ཏེ་བཤད་པ་

|; |@@@ | | }}