17231

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:18, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆེ་བ་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ལུང་ཆེན་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་ལྟར་གཞན་ལས་མ་བྱུང་ཞིང་ཡུལ་ནས་མ་རྙེད་པར་རང་ཉིད་ཀྱི་སེམས་ཀྱི་ཆོས་ཉིད་ཡེ་ནས་འདུས་མ་བྱས་པས་ཆེ་བ་ལྔ་དང་ལྡན་པའི་དབྱིངས་ཀྱི་ཁྱིམ་ནས་རྙེད་དེ་ཆེ་བའི་ཡོན་ཏན་རྣམས་ལྷུན་གྱིས་གྲུབ་བོ། །ཞེས་པའི་སྐབས་ཀྱི་ཆེ་བ་ལྔ་སྟེ། སྤངས་གར་ཡང་མ་སྤངས་པར་མངོན་སུམ་པར་སངས་རྒྱས་པའི་ཆེ་བ། རག་གང་དུའང་མ་ལས་པར་བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ། ལྟོས་གང་ལ་ཡང་མི་ལྟོས་པར་དེ་ཉིད་ཡིན་པར་སངས་རྒྱས་པའི་ཆེ་བ། གནས་གང་ལའང་མི་གནས་པར་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ། གཞི་ལམ་འབྲས་བུའི་ཐ་སྙད་ལས་འདས་པས་སངས་རྒྱས་མེད་པའི་ཆེ་བ་བཅས་ལྔ་སྟེ། འདི་དག་ལ་ཆེན་པོ་ལྔ་ཞེས་ཀྱང་གསུངས།
Domain ཆོས་ལུགས།

{{#arraymap:ཆེ་བ་ལྔ་

|; |@@@ | | }}