17239

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆེ་བའི་ཡོན་ཏན་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཆེ་བའི་ཡོན་ཏན་བརྒྱད་ནི། རྒྱུད་གསང་བ་སྙིང་པོའི་ཆེ་བའི་ཡོན་ཏན་བརྒྱད་དེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས། འབྲས་བུ་ཐམས་ཅད་ཀྱི་ཐུག་ས། སྔར་འདས་པའི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་དམ་པར་གྱུར་པ། ཆེ་བའི་ཡོན་ཏན་བརྒྱད་དང་ལྡན་པ་སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་སྒྱུ་འཕྲུལ་རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོ། ཞེས་གསུངས། རྒྱས་པར་རྒྱུད་གསང་བ་སྙིང་པོའི་ཆེ་བའི་ཡོན་ཏན་བརྒྱད་ལ་གཟིགས།
Domain ཆོས་ལུགས།

{{#arraymap:ཆེ་བའི་ཡོན་ཏན་བརྒྱད་

|; |@@@ | | }}