17264

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆེ་ཤོས་ངག་དབང་འཇམ་དབྱངས་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ལྕགས་གླང་ཕྱི་ལོ་ ༡༨༤༡ ལོར་དྲེད་ཁོག་འབྲོག་སྡེར་ཡབ་གཡང་འབུམ་དང་། ཡུམ་དཀར་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བདུན་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། ཆེ་ཤོས་སྒར་བར་གདན་སར་བཀོད། གྲུ་ཀྱཱ་རབ་འབྱམས་པ་བསམ་གཏན་དང་། ཁྲི་ཙི་དགེ་བཤེས་བརྩོན་འགྲུས་གྲགས་པ་གཉིས་ཀློག་གི་སློབ་དཔོན་དུ་བསྟེན། ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་བཅས་ལ་བསླབས། ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ལས་རབ་བྱུང་དང་། དགེ་ཚུལ་གྱི་སྡོམ་པ་བཞེས། བཅུ་གཉིས་པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། གཞུང་བཀའ་པོད་ལྔ་ལ་སྦྱངས། ཚོགས་ལངས་དང་། བསྡུས་གྲྭའི་དམ་བཅའ་བཞག། ཉི་ཤུ་བར་ཤིང་བཟའ་རྡོ་རྗེ་འཆང་སོགས་ལས་བསྙེན་པར་རྫོགས། རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། གསང་འདུས་ཀྱི་དགོངས་དོན་ཐུགས་སུ་ཆུད། ཉེར་གཅིག་པར་དབུས་གཙང་དུ་ཕེབས། རྒྱལ་བ་ཡབ་སྲས་དང་། ཇོ་ཤཱཀྱ་རྣམ་གཉིས། སེ་འབྲས་དགེ་གསུམ། བཀྲ་ཤིས་ལྷུན་པོ། བསམ་ཡས་བཅས་ལ་མཆོད་པ་ཕུལ། སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས། དབུ་ཕར་མཛོད་འདུལ་རྣམས་ལ་ཐོས་བསམ་གནང་། ཉེར་བདུན་པར་རྒྱུད་པའི་མཁན་ཁྲིར་བཞུགས། སོ་བཞི་པ་རབ་བྱུང་བཅོ་ལྔ་བའི་ཤིང་ཁྱི་ཕྱི་ལོ་ ༡༨༧༤་ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་ཕེབས། གདན་ས་ལོ་ངོ་གསུམ་རིང་བསྐྱངས། ང་བཞི་བར་དགོངས་པ་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་ཕྱི་ལོ་ ༡༨༩༤ ལོར་སྐུ་གཤེགས། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་རེ་ལྔ་བ་ཡིན།

{{#arraymap:ཆེ་ཤོས་ངག་དབང་འཇམ་དབྱངས་བསྟན་པའི་ཉི་མ་

|; |@@@ | | }}