17266

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ལྕགས་བྱ་ཕྱི་ལོ་ ༡༨༦༡ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་སྔགས་འཆང་དབང་རྒྱལ་དང་། ཡུམ་ཀ་ཏོ་གཉིས་ཀྱི་སྲས་སུ་འཁྲུངས། གསུམ་པར་དབོན་ཆུང་ཆོས་རྗེ་འཇམ་དབྱངས་ཆོས་འཕེལ་དང་། ཐར་ཤུལ་རིན་པོ་ཆེའི་ཕྱག་མཛོད་ཟླ་གྲགས་སོགས་ཀྱིས་གོང་མའི་སྤྲུལ་སྐུར་ངོས་བཟུང། ཨ་རིག་དགེ་བཤེས་སྨོན་ལམ་བཟང་པོ་རིན་ཆེན་གྱི་མདུན་ནས་དགེ་བསྙེན་བསྒྲུབས། མཚན་ལ་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་གསོལ། བདུན་པར་དཀའ་ཆེན་བྱང་ཆུབ་རིན་ཆེན་གྱི་མདུན་ནས་རབ་ཏུ་བྱུང་། མཚན་ལ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་ཞེས་གསོལ། དགུ་བར་སོག་ཡུལ་དུ་ཕེབས། མཆོད་ཡོན་རྣམ་གཉིས་ཞལ་འཛོམས་མཛད། བཅུ་གཅིག་པར་ཆ་ཧ་ནས་ཐུའུ་བཀྭན་རིན་པོ་ཆེ་དང་མཇལ། རི་བོ་རྩེ་ལྔར་ཕེབས། བཅུ་གཉིས་པར་རི་བོ་རྩེ་ལྔ་ནས་ཁྲང་ཨན་སོགས་བརྒྱུད་དབུས་སུ་འབྱོར། རྒྱལ་བ་འཕྲིན་ལས་རྒྱ་མཚོ་དང་མཇལ། ཡོངས་འཛིན་ཕུར་ལྕོག་བྱམས་པ་ལས་དགེ་ཚུལ་གྱི་སྡོམ་པ་བླངས། སྙེ་ཐང་། བྱང་རྩེ་བརྒྱུད་བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་རིན་པོ་ཆེ་དང་མཇལ། བོད་གཞུང་གིས་པཱེ་ལེག་ཐུ་ནོམ་ཆི་མཁན་པོའི་མཚན་སྙན་དང་། མཁན་ཆས། བཀའ་ཐམ། རྟེན་ཆས་ཆ་ཚང་གནང་། མདོ་སྨད་ཕྱོགས་སུ་ཕེབས། ལྔ་བར་སྨན་རམས་པ་བློ་བཟང་ཉི་མ་ཡོངས་འཛིན་དུ་བསྟེན། ཚད་མ་སྦྱོང་བའི་དབུ་བཙུགས། ཅུ་དྲུག་པར་རྒྱ་ཡག་ཚང་དང་ལྷན་དུ། གླིང་བསྲེལ་དཀའ་བཅུའི་གྲྭ་སྐོར་མཛད། ཉེར་བཞི་བར་རྒྱུད་པ་མཁན་པོའི་ཁྲིར་བཞུགས། ཉེར་བརྒྱད་པར་སྐུ་འབུམ་བྱམས་པ་གླིང་གི་ཁྲིར་ཕེབས། ཆོས་འཆད་ཉན་དང་། སྒྲིག་ལམ། ཀུན་སྤྱོད་སོགས་ལ་དག་ཐེར་མཛད། ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ཕྱི་ལོ་ ༡༩༣༣ ལོར་སྐུ་གཤེགས། སྐུ་འབུམ་བྱམས་པ་གླིང་གི་གདན་རབས་ཁྲི་ཆེན་དོན་གཅིག་པ་ཡིན། གསུང་རྩོམ་ནི་ཐོབ་ཡིག་དང་། དྲིས་ལན། བཅའ་ཡིག གསོ་རིག་བཅས་པོ་ཏི་ལྔར་བཞུགས།

{{#arraymap:ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་

|; |@@@ | | }}