17267

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆེ་ཤོས་ཡོངས་འཛིན་ངག་དབང་འཇམ་དབྱངས་དབང་རྒྱལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཤིང་བྱ་ཕྱི་ལོ་ ༡༨༢༥ ལོར་སྐུ་འབུམ་དུས་འཁོར་གྲྭ་ཚང་གི་དཔོན་སློབ་ཁྲིར་བཞུགས། ལོ་གཉིས་རིང་འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་ལ་དོ་དམ་གནང་། རབ་བྱུང་བཅུ་བཞི་བའི་མེ་ཕག་ཕྱི་ལོ་ ༡༨༢༧ ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲིར་བཞུགས། རབ་བྱུང་བཅུ་བཞི་པའི་ལྕགས་སྟག་ཕྱི་ལོ་ ༡༨༣༠ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་བྱོན། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་དཔར་ཡིག་ལ་ཞུ་དག་གི་འགན་ཁུར། བྱང་གི་མཆོད་རྟེན་སྒོ་བཞི་གསར་གསོས་མཛད། སྐུ་འབུམ་དུས་འཁོར་གྱི་དཔོན་སློབ་ཀྱི་ཁྲི་རབས་གསུམ་པ་དང་། སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ཉེར་དྲུག་པ། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ང་གཅིག་པ་བཅས་ཡིན།

{{#arraymap:ཆེ་ཤོས་ཡོངས་འཛིན་ངག་དབང་འཇམ་དབྱངས་དབང་རྒྱལ་

|; |@@@ | | }}