17308

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆེན་པོ་ལྔ་ལྡན་ཨཱོྃ་ཡིག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཡི་གེ་དུ་མ་ཚོགས་པའི་ཨཱོྃ་ཡིག་དེ་ལ་བོན་ལུགས་སུ་ངེས་པར་དུ་ཡིག་འབྲུ་ལྔ་ལྡན་དགོས་ལ་དེའི་ཡིག་འབྲུ་རེ་རེའི་མཚོན་དོན་ལ་སྦྱར་ཚུལ་དུ་མ་ཡོད་ཀྱང་འདིར་ཡེ་ཤེས་ཆེན་པོ་ལྔ་མཚོན་པ་སྟེ། དེ་ཡང་ཨ་ཡིས་སྟོང་ཉིད་ཡེ་ཤེས་མཚོན་པ་དང་། ན་རོས་སོར་རྟོགས་ཡེ་ཤེས། མ་ཡིས་མེ་ལོང་ཡེ་ཤེས། ཟླ་ཚེས་ཀྱིས་མཉམ་ཉིད་ཡེ་ཤེས། འ་ཡིས་བྱ་གྲུབ་ཡེ་ཤེས་མཚོན་ལ་ཡིག་འབྲུ་དེ་དག་གི་ཚོན་མདོག་ཀྱང་། ཨ་ལ་དཀར་པོ། ན་རོ་དམར་པོ། མ་སེར་པོ། ཟླ་ཚེས་ལྗང་གུ འ་སྔོན་པོ་དགོས་པའོ། ། དེ་ཡང་གསང་འདུས་དོན་རྒྱུད་ལས། ཨཱོྃ་ནི་འགག་མེད་ཡེ་ཤེས་ལྔ། འོད་ལྔ་སྐུ་དང་དཀྱིལ་འཁོར་རྫོགས། ཨ་ནི་སྟོང་ཉིད་ཡེ་ཤེས་སྐུ། དཀར་པོ་མི་འགྱུར་བདེ་བ་ཆེ། ན་རོ་སོར་རྟོགས་ཡེ་ཤེས་སྐུ། དམར་པོ་མི་འགྱུར་ཆགས་པ་མེད། མ་ནི་མེ་ལོང་ཡེ་ཤེས་སྐུ། སེར་མོ་མི་འགྱུར་དགའ་བ་ཆེ། ཟླ་ཚེས་མཉམ་ཉིད་ཡེ་ཤེས་སྐུ། ལྗང་གུ་མི་འགྱུར་ལེགས་པ་ཆེ། འ་ནི་ནན་ཏན་ཡེ་ཤེས་སྐུ། སྔོན་པོ་མི་འགྱུར་གྲུབ་པ་ཆེ། ཆེན་པོ་ལྔ་ལྡན་ཡི་གེ་ཨཱོཾ། གནས་པ་སྐུ་ཡི་གཏིང་ན་གནས། ཁྱབ་པ་ཕུང་པོ་སྤྱི་ལ་ཁྱབ། བསྐྱེད་པ་རྒྱལ་བ་འདུས་པ་བསྐྱེད། འཕྲོས་པ་རིན་ཆེན་མཛོད་ནས་འཕྲོས། ཞེས་སོགས་གསུངས་པས་སོ། །
Domain ཆོས་ལུགས།

{{#arraymap:ཆེན་པོ་ལྔ་ལྡན་ཨཱོྃ་ཡིག་

|; |@@@ | | }}