17331

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོ་ག་ (1)
Part of speech མིང་ཚིག
Definition དམིགས་ཡུལ་གང་རུང་གྲུབ་བྱེད་དེ་ལས་དོན་སྒྲུབ་ཐབས་དང༌། བྱ་བ་བྱེད་སྟངས་སམ་ཐབས་ཀྱི་མིང་སྟེ། ཞང་གཟི་བརྗིད་འབར་གྱིས་མཛད་པའི་གདམས་པ་སུམ་ཅུ་པ་ལས། ཆོ་ག་ཞེས་རང་གི་འདོད་དོན་བསྒྲུབ་པར་བྱེད་པའི་སྐབས་གྲུབ་པར་བྱེད་པའི་ཐབས་ཀྱི་མིང་ངོ་། ཞེས་དང། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། ཆོ་ག་གྲུབ་བྱེད་ཐབས་ཀྱི་མིང་ཞེས་གསུངས།