From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཆོ་འཕྲུལ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། བྱེ་བྲག་སྨྲ་བ། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། ཆོ་འཕྲུལ་ནི་ཡིད་འཕྲོག་པར་བྱེད་པའི་འཕྲུལ་བསྟན་པའི་ལས་ཡིན་ལ། ཞེས་གསུངས། ཡིད་འཕྲོག་པར་བྱེད་པའི་དོན་ཏེ། དབྱེ་ན་གསུམ་སྟེ། མཆིམས་མཛོད་ལས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་གསུམ་གསུངས། །ཅིའི་ཕྱིར་ཆོ་འཕྲུལ་ཞེས་བྱ་ཞེ་ན། དང་པོར་གདུལ་བྱ་གཞན་གྱི་ཡིད་འཕྲོག་པར་བྱེད་པའི་ཕྱིར་ཏེ་ཧ་རའི་དོན་ཏོ། གཉིས་པས་ནི་ཕ་རོལ་ཀྱི་བསམ་པ་ཤེས་ནས་ཆོས་བསྟན་པའི་སྒོ་ནས་ཡིད་འཕྲོག་པར་བྱེད་ལ། གསུམ་པས་ནི་བསྟན་པ་བཞིན་བསྒྲུབས་པས་སྨིན་ཅིང་གྲོལ་བའི་སྒོ་ནས་ཡིད་འཕྲོག་པའི་ཕྱིར་རོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
ཆོ་འཕྲུལ་ (2)
| Part of speech
|
མིང་ཚིག
|
| Definition
|
རྫུ་འཕྲུལ་ཏེ་ལུས་སེམས་ཀྱི་ཤིན་སྦྱངས་ལ་བརྟེན་ནས་སྐྱེས་པའི་སྤྲུལ་པའི་ནུས་ཤུགས།
|