17368

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོ་འཕྲུལ་ཉི་ཤུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ལས་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ། བསམ་གཏན་གྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ། ཆོས་ཉིད་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ། ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་སྟེ་རྩ་བའི་ཆོ་འཕྲུལ་བཞི་དང་། ཡན་ལག་ལ། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། སྒོ་ང་ལས་སྐྱེ་བ་དང་། བརྫུས་ནས་སྐྱེ་བ་སྟེ་ལས་ཀྱི་ཆོ་འཕྲུལ་བཞི་དང་། གསལ་ལ་མི་གཡོ་བའི་བསམ་གཏན་མུ་བཞི་གཡོ་ཐོབ་གོམས་བརྟན་བཞི་ལས། དྲོད་རྟགས་ཆོ་འཕྲུལ་མངོན་ཤེས་བཞིར་སྐྱེ་བ་སྟེ། བསམ་གཏན་གྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་བཞི་དང་། ནམ་མཁའི་ངང་ལས་འབྱུང་བའི་ཆོ་འཕྲུལ་ཐ་དད་སྣང་བ་དང། སེམས་ཀྱི་ངང་ལས་སེམས་ལས་བྱུང་བའི་ཆོ་འཕྲུལ་སྐྱེ་བ་དང་། ཆོས་ཉིད་ཀྱི་ངང་ལས་ཆོས་ཅན་གྱི་ཆོ་འཕྲུལ་སྐྱེ་བ་དང་། ཞི་གནས་ཇི་བཞིན་པའི་ངང་ལས་ལྷག་མཐོང་གི་ཆོ་འཕྲུལ་ཤེས་རབ་རང་འཆར་བ་སྟེ། ཆོས་ཉིད་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་བཞི་དང་། ཞི་བ་དང་ཁྲོ་བོའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡི་གེའི་སྒོ་ཆོས་སྣང་བའི་ཆོ་འཕྲུལ་དང་། མ་འདྲེས་ཡོངས་རྫོགས་ཀུན་བརྗོད་པའི་ཆོ་འཕྲུལ་དང་། དགོངས་པ་འགྲེལ་པ་རྗེས་སུ་བསྟན་པའི་ཆོ་འཕྲུལ་སྟེ། ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་བཞི་བཅས་ཉི་ཤུའོ། །
Domain ཆོས་ལུགས།