17372

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོ་འཕྲུལ་བཅུ་གཉིས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་བྱ་བ་བྱེད་པའི་རྣལ་འབྱོར་འཆད་སྐབས་ནས་བསྟན་པའི་ཆོ་འཕྲུལ་བཅུ་གཉིས་ཏེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ། སྣང་བའི་ཆོ་འཕྲུལ། རྫུ་འཕྲུལ་གྱི་ཆོ་འཕྲུལ། ཀུན་བརྗོད་པའི་ཆོ་འཕྲུལ། རྗེས་སུ་བསྟན་པའི་ཆོ་འཕྲུལ། བསམ་གཏན་གྱི་ཆོ་འཕྲུལ། བྱིན་རླབས་ཀྱི་ཆོ་འཕྲུལ། དབང་བསྐུར་བའི་ཆོ་འཕྲུལ། སྐྱེ་བའི་ཆོ་འཕྲུལ། སྟོབས་ཀྱི་ཆོ་འཕྲུལ། ཡོན་ཏན་གྱི་ཆོ་འཕྲུལ། འབྲས་བུའི་ཆོ་འཕྲུལ་ལོ། །ཡང་ན་བསམ་གཏན་གྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་བཞི་དང། ཆོས་ཉིད་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་བཞི་དང། ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་བཞི་བཅས་བཅུ་གཉིས་སོ། །
Domain ཆོས་ལུགས།