17405

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོང་བཙུན་ཤེས་རབ་སེང་གེ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་སྨད་དུ་གཙང་ཕྱོགས་སུ་འཁྲུངས། དུས་རབས་བཅུ་གཅིག་པའི་དུས་མགོར་མདོ་སྨད་ཙོང་ཁའི་ཡུལ་དུ་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན། བླ་ཆེན་དགོངས་པ་རབ་གསལ་ལས་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་དཀྱུས་གཅིག་ཏུ་བཞེས། འདུལ་བའི་ཆོས་གཞུང་སོགས་གསན། དབུས་གཙང་དུ་ཕེབས། བསམ་ཡས་གཙུག་ལག་ཁང་སོགས་ཞིག་གསོས་མཛད། སྔོ་གླིང་བཟུང་སྟེ་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། འདུལ་བསྟན་སྤེལ། ཆོས་རྒྱུད་དེ་ལས་གྱེས་པའི་སྐལ་སྐོར་དང་། རྒྱུན་སྐོར། གནས་གསར་གྱི་སྐོར། གནས་རྙིང་གི་སྐོར། རྦ་ཚོ། ཉན་ཚོ་སྐོར། བྱ་ཆོས་སྐོར། སྨོན་གྲོ་སྐོར། དྭོ་ཚོ་བཅས་ཁྲལ་ཚོ་དགུ་ཡོད། མཁས་པ་མི་བཅུའི་ཡ་གྱལ་ཞིག་ཡིན།