17531

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་ཀྱི་འཁོར་ལོ་ (1)
Part of speech མིང་ཚིག
Definition མདོ། སངས་རྒྱས་ཀྱིས་གསུངས་པའི་ཆོས་གང་ཞིག་མྱ་ངན་ལས་འདས་པའི་རྒྱུ་འབྲས་ངོ་བོ་ཉིད་གསུམ་གང་རུང་བརྗོད་བྱའི་གཙོ་བོར་གྱུར་པའི་ངག་གི་རྣམ་པར་སྣང་བའི་རྣམ་རིག འཁོར་ལོ་རིན་པོ་ཆེ་བཞིན་དུ་མི་མཐུན་པའི་ཕྱོགས་འཇོམས་ནུས་པ་དང༌། ལམ་རྣམས་སུ་འདོར་ཞིང་འཇུག་པ་དང༌། མྱུར་དུ་འགྲོ་བ་དང༌། འཕགས་ལམ་གྱི་རྩིབས་ཀྱི་ཡན་ལག་བརྒྱད་དང་ལྡན་པ་སོགས་ཀྱི་ཆོས་མཚུངས་པ་སྟེ། གཡག་སྟོན་གྱི་ཤེར་འགྲེལ་རིན་དབང་རྒྱལ་པོ་ལས། ངོ་བོ་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག་མི་མཐུན་ཕྱོགས་འཇོམས་པར་ནུས་པ། དབྱེ་ན་གསུམ་སྟེ། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ། མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ། དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ། ཞེས་དང་། པཎ་ཆེན་ཤཱཀྱ་མཆོག་གི་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས། མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག་རང་གི་མི་མཐུན་ཕྱོགས་གཅོད་པར་བྱེད་པའོ། །ཟུར་དང་པོ་ཆོས་ཀྱི་དོན་ལྡོག་ཡིན་ལ། ཟུར་གཉིས་པ་ནི་འཁོར་ལོའི་སྒྲ་དོན་ཡིན་ནོ། །དེ་ཡང་ཕྱི་རོལ་པ་དང་ཐུན་མོང་བའི་རིག་པའི་གནས་རྣམས་ནི། འདིར་ཆོས་འཁོར་དུ་མ་བཞག་སྟེ། དེ་དག་དམ་པའི་ཆོས་སུ་མི་རུང་བའི་ཕྱིར་རོ། །ཞེས་གསུངས། ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས། ལུང་རྟོགས་གང་རུང་གིས་བསྡུས་པའི་སྟོོན་པའི་དམ་ཆོས་དེ་ཆོས་འཁོར་སྤྱིའི་མཚན་ཉིད་དོ། །ཅེས་དང་། ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས། དབྱེ་བ་ལ་གཉིས་ཏེ། ལུང་གི་ཆོས་ཀྱི་འཁོར་ལོ་དང་། རྟོགས་པའི་ཆོས་ཀྱི་འཁོར་ལོའོ། །ཞེས་གསུངས། སྒྲ་དོན་ནི། འཁོར་ལོ་དང་ཆོས་མཐུན་པའི་ཕྱིར་ཏེ། འཁོར་ལོ་རིན་པོ་ཆེ་ཡུལ་གཞན་དང་གཞན་དུ་འཕོ་བ་དང་། མི་མཐུན་པའི་ཕྱོགས་ལས་རྒྱལ་བར་བྱེད་པ་ལྟར། སློབ་མའི་རྒྱུད་ལ་རིམ་གྱིས་འཕོ་བར་བྱེད་པ་དང་། འདོད་ཆགས་ལ་སོགས་པའི་མིི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:ཆོས་ཀྱི་འཁོར་ལོ་

|; |@@@ | | }}

ཆོས་ཀྱི་འཁོར་ལོ་ (2)
Part of speech མིང་ཚིག
Definition མཐོང་བའི་ལམ་དེ་ཉིད་ཡིན་ཏེ། མྱུར་བར་འགྲོ་བ་དང་། འདོར་བ་དང་འཇུག་པ་དང་། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་རྒྱལ་བ་རྣལ་དུ་འགོད་པ་དང་། འཕར་བ་དང་འབབ་པ་ཞེས་བྱ་བས་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པའི་ཕྱིར་ན་དེ་སྐད་ཅེས་བརྗོད་དོ། །དེ་ཡང་མཐོང་བའི་ལམ་གྱི་ཡེ་ཤེས་སྐད་ཅིག་མ་བཅོ་ལྔས་བདེན་པ་མངོན་པར་རྟོགས་པའི་ཕྱིར་རམ་སྐད་ཅིག་མ་སྔ་མ་སྔ་མའི་རྗེས་ཐོགས་སུ་ཕྱི་མ་ཕྱི་མ་མྱུར་དུ་སྐྱེ་བའི་ཕྱིར་དང་། བདེན་པའི་དམིགས་པ་དང་ཡེ་ཤེས་ཀྱི་རྣམ་པ་དང་རྣམ་གྲོལ་གྱི་ལམ་ཕྱི་མ་རྣམས་ལ་འཇུག་པའི་ཕྱིར་དང་། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་ནི་བར་ཆད་མེད་པའི་ལམ་གྱིས་མཐོང་སྤང་རྣམས་ཀྱི་ཐོབ་པ་གཅོད་པའི་སྒོ་ནས་སྤོང་བའི་ཕྱིར་རོ། །རྒྱལ་བ་རྣལ་དུ་འགོད་པ་ནི་རྣམ་གྲོལ་གྱི་ལམ་གྱིས་བྲལ་ཐོབ་འཛིན་པའི་ཕྱིར་རོ། །འཕར་བ་ནི་རྣམ་གྲོལ་གྱི་ལམ་མམ་ཁམས་གོང་མའི་བདེན་པ་ལ་འཇུག་པའི་ཕྱིར་རོ། །འབབ་པ་ནི་བར་ཆད་མེད་པའི་ལམ་མམ་འདོད་པའི་བདེན་པ་ལ་འཇུག་པའི་ཕྱིར་རོ། །བཙུན་པ་དབྱངས་སྒྲོགས་ན་རེ། མཐོང་ལམ་འཕགས་ལམ་ཡན་ལག་བརྒྱད་ནི་འཁོར་ལོའི་རྩིབས་དང་ལྟེ་བ་དང་མུ་ཁྱུད་དང་འདྲ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཡིན་ནོ། །དེ་ཡང་ཤེས་རབ་ཀྱི་བསླབ་པ་ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་དང་དྲན་པ་རྣམས་ནི་རྩིབས་ལྟ་བུ་ཡིན་ཏེ། ཕན་ཚུན་འཇུག་པའི་ཕྱིར་རོ། །མཐོང་སྤང་གཅོད་པའི་ཕྱིར་རོ། །ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་ནི་ལྟེ་བ་དང་འདྲ་སྡེ། དེ་དག་ནི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པས་དེ་ལ་བརྟེན་ནས་སེམས་ཀྱི་བསླབ་པ་ཏིང་ངེ་འཛིན་འཐོབ་ལ་དེ་ཐོབ་པས་ཤེས་རབ་ཀྱི་བསླབ་པ་སྐྱེ་བའི་ཕྱིར་རོ། །ཏིང་ངེ་འཛིན་ནི་མུ་ཁྱུད་དང་འདྲ་སྟེ། དེས་གཞན་དག་ཉེ་བར་འཛིན་པའི་ཕྱིར་རམ། དམིགས་པ་ལ་སེམས་སྡུད་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་ཡང་ཆོས་ཀྱི་འཁོར་ལོ་མཐོང་ལམ་ལ་ཟེར་བ་མདོ་ལས་བཅོམ་ལྡན་འདས་ཀྱིས་ལྔ་སྡེ་ལ་བཀའ་སྩལ་ཡོད་དོ། །

{{#arraymap:ཆོས་ཀྱི་འཁོར་ལོ་

|; |@@@ | | }}

ཆོས་ཀྱི་འཁོར་ལོ་ (3)
Part of speech མིང་ཚིག
Definition སྔགས། རྒྱུད་སྡེ་རྣམས་སུ་བསྟན་པའི་སྙིང་གའི་རྩ་འཁོར་གྱི་མིང་།

{{#arraymap:ཆོས་ཀྱི་འཁོར་ལོ་

|; |@@@ | | }}