17559

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་ཀྱི་རྒྱུན་བཅུ་ (1)
Part of speech མིང་ཚིག
Definition དཀོན་མཆོག་ཏ་ལ་ལའི་གཟུངས་ཀྱི་མདོ་ལས་བྱུང་བ་སྟེ། ༡ ཆོས་ཐམས་ཅད་གཅིག་པ་མེད་པ་དང་། ཐ་དད་པ་ཉིད་དུ་ཡང་དག་པར་བརྗོད་པ་བྱའོ། །༢ མང་བ་ཉིད། ༣ གཅིག་པ་ཉིད། ༤ ཡི་གེ་ལ་དོན་སྒྲོ་བཏགས་པ། ༥ དོན་ལ་ཡི་གེ་སྒྲོ་བཏགས་པ། ༦ དངོས་པོས་དངོས་པོ་མེད་པ་སྒྲོ་བཏགས་པ། ༧ དངོས་པོ་མེད་པས་དངོས་པོ་སྒྲོ་བཏགས་པ། ༨ མཚན་མས་མཚན་མ་མེད་པ་སྒྲོ་བཏགས་པ། ༩ མཚན་མ་མེད་པས་མཚན་མ་སྒྲོ་བཏགས་པ། ༡༠ མཚན་ཉིད་ཀྱིས་མཚན་ཉིད་མེད་པ་སྒྲོ་བཏགས་པ་དང་། མཚན་ཉིད་མེད་པས་མཚན་ཉིད་སྒྲོ་བཏགས་པ་ཡང་དག་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤས་ཆེར་ཆོས་ཐམས་ཅད་ལ་མཁས་པ་ཡོངས་སུ་སྨིན་པའི་ཚུལ་ལ་ངེས་པར་འགྱུར་ཞིང་། གོང་དུ་གནས་གང་དག་ཐོས་པའི་གནས་དེ་དག་ལ་ཡང་བདག་ཉིད་སྦྱོར་གྱི། གཞན་གྱི་དྲིང་ལ་མི་འཇོག་པའི་ཕྱིར་ཏེ། འདི་ནི་ཕྱིར་མི་ལྡོག་པའི་རྣམ་པར་བཞག་པའོ། །
Domain ཆོས་ལུགས།