17564
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ ཇི་ལྟར་ཡོངས་སུ་བཙལ་བ་དང་། ཇི་ལྟར་བཟུང་བའི་ཆོས་དེ་དག་ཉིད་ལུས་དང་ངག་དང་ཡིད་ཀྱིས་རྗེས་སུ་བསྒྲུབ་པ། ༢ ལེགས་པར་སེམས་པ། ༣ སྒོམ་པར་བྱེད་པ། ༤ བཅོམ་ལྡན་འདས་ཀྱིས་ཆོས་གང་དག་ལུས་དང་ངག་དང་ཡིད་ཀྱིས་བྱེད་དུ་མ་གནང་བ་དག་དང་། གང་དག་ལུས་དང་ངག་དང་ཡིད་ཀྱིས་བྱེད་དུ་མ་གནང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་དེ་དེ་ཁོ་ན་བཞིན་དུ་ཡོངས་སུ་སྤོང་བ། ༥ སོ་སོར་བསྟེན་ཅིང་ཡང་དག་པར་སྡུད་པ། ལུས་དང་ངག་དང་ཡིད་ཀྱིས་རྗེས་སུ་སྒྲུབ་པ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ཞེས་བྱ་བའོ། ། |
| Domain | ཆོས་ལུགས། |