17647

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་གཞན་སྐབས་སྟོབས་ཀྱིས་འཕེན་པའི་མ་ཡིན་དགག་ (1)
Part of speech མིང་ཚིག
Definition མ་ཡིན་དགག་བཞི་ལས་ཆོས་གཞན་སྐབས་སྟོབས་ཀྱིས་འཕེན་པའི་མ་ཡིན་དགག་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། བཞི་པ་(ཆོས་གཞན་སྐབས་སྟོབས་ཀྱིས་འཕེན་པའི་མ་ཡིན་དགག་)ནི། སྐྱེས་བུ་གཅིག་རྒྱལ་རིགས་དང་བྲམ་ཟེའི་རིགས་གང་རུང་དུ་ངེས། ཁྱད་པར་མ་ངེས་པར་དྲིས་པའི་ཚེ། བྲམ་ཟེ་མ་ཡིན་པར་སྟོན་འདོད་ནས་འདི་བྲམ་ཟེ་མ་ཡིན་ཞེས་བརྗོད་པ་ན། བྲམ་ཟེ་མ་ཡིན་པའི་རྒྱལ་རིགས་ལྟ་བུའོ། །ཞེས་གསུངས།
Example རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། འདི་བྲམ་གདོལ་གང་ཡིན་དྲིས་པ་ན་བྲམ་ཟེ་མ་ཡིན་ཞེས་བརྗོད་པའི་ཚེ་འདི་བྲམ་ཟེ་མ་ཡིན་པ་ལྟ་བུའོ། །ཞེས་གསུངས།
Domain ཚད་མ།