17756

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་ཉོན་མོངས་པ་དང་བཅས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། གནས་ནི། དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ནི་ཆོས་ཉོན་མོངས་པ་དང་བཅས་པ་རྣམས་ཀྱི་གནས་ཞེས་བྱའོ། །གཞི་ནི། དེ་ལ་རོ་མྱང་བ་ལ་ལྷག་པར་ཆགས་པ་དང༌། རོ་མྱང་བ་ལ་ཡོངས་སུ་ཞེན་པ་གང་ཡིན་པ་དེ་ནི་ཉོན་མོངས་པའི་གཞི་ཞེས་བྱའོ། །ངོ་བོ་ཉིད་ནི། དེ་ལ་མི་རྟག་པ་ཉིད་དང༌། སྡུག་བསྔལ་བ་ཉིད་དང༌། འགྱུར་བའི་ཆོས་ཉིད་གང་ཡིན་པ་དེ་ནི་ཉོན་མོངས་པའི་ངོ་བོ་ཉིད་ཅེས་བྱའོ། །གྲོགས་ནི། ཉོན་མོངས་པ་དེ་ལ་མི་ཤེས་ཤིང་རྨོངས་པ་གང་ཡིན་པ་དེ་ནི་དེའི་གྲོགས་ཞེས་བྱའོ། །ཀུན་ནས་སློང་བ་སྟེ། དེ་ལ་བརྟེན་ནས་ནག་པོའི་ཕྱོགས་རྣམ་པ་ལྔ་འབྱུང་།
Domain ཆོས་ལུགས།