17763
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་སྟེ། ༡ ལེགས་པར་བཟུང་བའི་དེ་བཞིན་གཤེགས་པ་ལ་དམིགས་པས་ཐ་ན་རྨི་ལམ་དུ་རྨི་བ་ལ་གནས་ཀྱང་དེ་བཞིན་གཤེགས་པ་མི་སྤོང་བ་ཡིན། ༢ ལེགས་པར་བཟུང་བའི་ཆོས་བསྟན་པ་ལ་དམིགས་པས་ཐ་ན་རྨི་ལམ་དུ་རྨི་བ་ལ་གནས་ཀྱང་ཆོས་བསྟན་པ་ལ་དམིགས་པ་མི་སྤོང་བ་ཡིན་ཞིང་ཆོས་བསྟན་པ་ལ་སྙོམས་ལས་མེད་པའང་ཡིན། ༣ དངོས་པོ་ཐམས་ཅད་རྣམ་པར་འཇིག་པ་ཉིད་ཀྱིས་ཆོས་ཟབ་མོ་ལ་བཟོད་པ་ཐོབ་པའང་ཡིན། ༤ དབེན་པ་ལ་གཞོལ་བ་ཉིད་ཀྱིས་མི་གནས་པའི་བསམ་གཏན་པའང་ཡིན་པའོ། ། |
| Domain | ཆོས་ལུགས། |