17775

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པར་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition ཆོས་ཐམས་ཅད་ཡང་དག་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ། ཆོས་ཐམས་ཅད་ཀྱི་རྒྱུར་གྱུར་པ་རྣམ་པར་འབྱེད་པ་ལས་ཤིན་ཏུ་མཁས་པ། ཆོས་ཐམས་ཅད་ཀྱི་ངེས་པའི་དོན་ལ་མཁས་པ། ཆོས་ཐམས་ཅད་ཀྱི་སྨྲ་བ་དང་། ཚིག་གི་རྣམ་གྲངས་ལ་མཁས་པའོ།
Domain ཆོས་ལུགས།
ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པར་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་བའི་ཆོས་བཞི་ (2)
Part of speech མིང་ཚིག
Definition ཆོས་རྣམས་ཀྱི་ཇི་ལྟ་བའི་གོ་རིམ་ལ་མཁས་པ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཐབས་ལ་མཁས་པ། ཆོས་ཐམས་ཅད་ནན་ཏན་བྱ་བའི་ཐབས་དང་ལྡན་པ། ངེས་པའི་དོན་དང་བཀྲི་བའི་དོན་གྱི་མདོ་སྡེ་རྣམ་པར་འབྱེད་པ་ལ་མཁས་པའོ། །
ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པར་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་བའི་ཆོས་བཞི་ (3)
Part of speech མིང་ཚིག
Definition ལམ་དང་ལམ་ཡིན་པའི་ཤེས་པ་ཤིན་ཏུ་སློབ་པ་ལ་མཁས་པ། ཆོས་ཐམས་ཅད་ཀྱི་དོན་ལ་བཤད་པའི་དབང་པོ་ཐོབ་པ། མྱུར་དུ་རྣམ་པར་དག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ཐོབ་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་སྒོམ་པའོ། །
ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པར་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་བའི་ཆོས་བཞི་ (4)
Part of speech མིང་ཚིག
Definition ཀུན་འབྱུང་བའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་སྒོམ་པ་ལ་མཁས་པ། ཆོས་ཐམས་ཅད་ཀྱི་རྒྱུ་འགོག་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ། ཆོས་ཐམས་ཅད་ཀྱི་རྐྱེན་གྱི་མཚན་ཉིད་ལ་ཤིན་ཏུ་མཁས་པ། རྒྱུ་དང་། རྐྱེན་གྱིས་ཐབས་ལ་འཇུག་པའོ། །
ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པར་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་བའི་ཆོས་བཞི་ (5)
Part of speech མིང་ཚིག
Definition སྡུག་བསྔལ་བའི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ། ཀུན་འབྱུང་གི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ། འགོག་པའི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ། འགོག་པ་དང་། ལམ་གྱི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པའོ། །
ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པར་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་བའི་ཆོས་བཞི་ (6)
Part of speech མིང་ཚིག
Definition ཆོས་རྣམས་འདུ་བ་དང་། འཇིག་པའི་སྦྱོར་བ་ལ་མཁས་པ། སྔོན་གྱི་རྒྱུས་ཐོབ་པ། ཆོས་ཐམས་ཅད་ཅི་དང་། ཅིས་འདུལ་བ་ལ་ཤིན་ཏུ་མཁས་པ། ཡི་གེ་དང་། འབྲུ་དང་། ཚིག་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པའོ། །
ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པར་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་བའི་ཆོས་བཞི་ (7)
Part of speech མིང་ཚིག
Definition བཀྲི་བའི་དོན་གྱི་མདོ་སྡེ་ལ་ཤིན་ཏུ་མཁས་པ། ངེས་པའི་དོན་གྱི་མདོ་སྡེའི་ཚིག་གི་རྗེས་སུ་མི་འབྲང་བ། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་རྒྱུ་ལ་ཤིན་ཏུ་མཁས་པ། ཆོས་ཐམས་ཅད་ཀྱི་མཚན་མ་མེད་པའི་ཡེ་ཤེས་ལ་བདེ་བར་གནས་པའོ། །