17791

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་ཐམས་ཅད་མ་ལུས་པར་མངོན་པར་མཁྱེན་པ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་མ་ལུས་པར་མངོན་པར་མཁྱེན་པ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་འདས་པའི་གྲངས་ཐམས་ཅད་མངོན་པར་མཁྱེན་པ། ད་ལྟར་བྱུང་བ་ཐམས་ཅད་ཀྱི་གྲངས་ཐམས་ཅད་མངོན་པར་མཁྱེན་པ། ངག་ཐམས་ཅད་ཀྱི་ལམ་ཐམས་ཅད་མངོན་པར་མཁྱེན་པ། འཇིག་རྟེན་ཐམས་ཅད་ཀྱི་འཇུག་པ་ཐམས་ཅད་མངོན་པར་མཁྱེན་པ། སེམས་ཅན་ཐམས་ཅད་ཀྱི་ངོ་བོའི་ཡེ་ཤེས་ཐམས་ཅད་མངོན་པར་མཁྱེན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། སྣ་ཚོགས་རྣམ་པར་གནས་པའི་མཚན་ཉིད་དང༌། དགེ་བའི་རྩ་བ་ཐམས་ཅད་དང༌། བསམ་པ་ཚད་མེད་པ་རྒྱུན་མི་གཅོད་པའི་མཚམས་ཀྱི་སྐད་ཅིག་མའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཐམས་ཅད་མངོན་པར་མཁྱེན་པ། ཆོས་ཐམས་ཅད་རྐྱེན་དང་འདུས་པ་ཚོགས་པར་ཁོང་དུ་ཆུད་པ་ཐམས་ཅད་མངོན་པར་མཁྱེན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རིགས་རབ་ཏུ་འབྱེད་པའི་ཡེ་ཤེས་མཐོང་བ་ཐམས་ཅད་མངོན་པར་མཁྱེན་པ། ཆོས་ཀྱི་དབྱིངས་དབྱེ་བ་མིག་འཕྲུལ་མཁན་གྱིས་རྣམ་པར་ཕྱེ་བ་ལྟར་ཐམས་ཅད་མངོན་པར་མཁྱེན་པའོ། །
Domain ཆོས་ལུགས།