17881

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་ཕུག་སྐུ་ཕྲེང་དགུ་པ་ (1)
Part of speech མིང་ཚིག
Definition ཆོས་ཕུག་སྐུ་ཕྲེང་དགུ་པ། འཁྲུངས་ཡུལ་ཙབ་བེ། ཡབ་མ་ཆུང་ཨ་མཁྱེན་དང་། ཡུམ་ཨརྨེ་བཟའ་བཀྲ་ཤིས་གཡང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་གླང་ ༡༩༣༧ ལོར་སྐུ་འཁྲུངས། སི་ཏུ་པདྨ་ཉིན་བྱེད་ནས་ལུང་བཟུང་། མཚན་ཡང་གསོལ། ཤིང་གླང་ ༡༩༨༥ ལོའི་སྦྲུལ་ཟླའི་ཚེས་བཟང་ལ་ཆོས་ཕུག་དགོན་བཀྲ་ཤིས་ཆོས་འཕེལ་གླིང་དུ་མངའ་གསོལ་ཏེ་ཁྲི་གསོལ་མཛད། རིམ་བཞིན་བླ་རྒན་སངས་རྒྱས་བསྟན་འཛིན། དུལ་མོ་ཁམས་སྤྲུལ་སོགས་ལས་བཀའ་བརྒྱུད་པའི་ཆོས་མཛོད་ཀྱི་དབང་ལུང་དང་། ཨ་ལྡེའུ་རིན་པོ་ཆེའི་དྲུང་ནས་འབྲུག་པ་པད་དཀར་གྱི་བཀའ་འབུམ་གྱིས་གཙོས་ཆོས་སྐོར་སོགས་དབང་ལུང་མང་པོ་ཐོབ། དེ་བཞིན་གྲུབ་མཐའ་རིས་མེད་ཀྱི་བླ་མ་དུ་མའི་དྲུང་ནས་ཟབ་ཆོས་དུ་མ་གསན་བསམ་མཛད་དོ། །