17890

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་ཕུང་བརྒྱད་ཁྲི་ (1)
Part of speech མིང་ཚིག
Definition ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། འདོད་ཆགས་ཞེ་སྡང་གཏི་མུག། དེ་གསུམ་ཆ་མཉམ་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བ་མདོ་སྡེ་མངོན་པ་སྡེ་སྣོད་གསུམ་ཆ་མཉམ་པ་ཉིས་ཁྲི་ཆིག་སྟོང་རེ་རེ་གསུངས་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་། ཚད་ནི་གླང་པོ་ཆེ་ས་སྲུང་གི་བུས་ཐེག་ཚད་ཀྱི་སྣག་ཚས་ཆོས་ཕུང་གཅིག་བྲི་ནུས་སོ། །ཡང་གྲོལ་དབང་རྒྱ་མཚོའི་ཞལ་ནས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གསུངས་པ་སྟེ། དེ་ཡང་རྩ་བ་འདོད་ཆགས་ལས་གྱུར་པའི་ཉོན་མོངས་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བ་ཉིས་ཁྲི་ཆིག་སྟོང་། རྩ་བ་གཏི་མུག་ལས་གྱུར་པའི་ཉོན་མོངས་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོ་མངོན་པ་ཉིས་ཁྲི་ཆིག་སྟོང་། རྩ་བ་ཞེ་སྡང་ལས་གྱུར་པའི་ཉོན་མོངས་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་མདོ་སྡེ་གཉིས་ཁྲི་ཆིག་སྟོང་། རྩ་བ་དུག་གསུམ་ལ་ཆ་མཉམ་ལས་གྱུར་པའི་ཉོན་མོངས་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་ཡོ་ག་ཉིས་ཁྲི་ཆིག་སྟོང་བཅས་བསྡོམས་པས་བརྒྱད་ཁྲི་བཞི་སྟོང་ངོ་གསུངས་པའི།
Domain ཆོས་ལུགས།