17917

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་བཟང་ལྷའི་འདུན་ས་ (1)
Part of speech མིང་ཚིག
Definition ལྷའི་དབང་པོ་རྒྱ་བྱིན་གྱི་གནས་ཤིག་གི་མིང་སྟེ། དེ་ཡང་གྲོང་ཁྱེར་ལྟ་ན་སྡུག་གི་ལྷོ་ནུབ་མཚམས་ན་ཆོས་བཟང་ལྷའི་འདུན་ས་ཞེས་བྱ་བ་དཔག་ཚད་དགུ་བརྒྱས་འཁོར་བའི་ཟླུམ་པོ། དེའི་དབུས་ན་བརྒྱ་བྱིན་གྱིས་ཆོས་སྟོན་པའི་གསེར་གྱི་ཁྲི་དང་། ཉེ་དབང་སུམ་ཅུ་རྩ་གཉིས་ཀྱི་གདན་བཤམས་པ་རྣམས་དང་། གཞན་ཡང་བག་མེད་པ་ལས་བསྐུལ་བའི་ཆོས་ཀྱི་སྡོམ་བཞི་རང་བཞིན་གྱིས་གྲགས་པའི་རྔ་སྒྲ་དང་། ན་བ་དང་རྒ་བ་དང་དུས་མིན་འཆི་བ་ལས་སྐྱོབ་པའི་བདུད་རྩིའི་བུམ་པ་དང་། གླང་པོ་ཆེ་རབ་བརྟན་དང་ས་སྲུངས་ཀྱི་བུ་དང་། རྟ་སྤྲིན་གྱི་ཤུགས་ཅན་འཁོར་གཡོག་བརྒྱ་སྟོང་དང་བཅས་པ་སོགས་བསམ་གྱིས་མི་ཁྱབ་པ་རྣམས་དང་། ལྕོག་བཞིར་གནོད་སྦྱིན་གསང་བ་ལག་ན་རྡོ་རྗེ་ཞེས་བྱ་བ་རྣམས་ཀྱི་གནས་ཡོད་པར་གྲགས་སོ། །
Domain ཆོས་ལུགས།