17957

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་བྱེད་པའི་འཁྲུལ་མེད་ལྔ་ (1)
Part of speech མིང་ཚིག
Definition གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། ཁས་བླངས་པའི་ཚུལ་ཁྲིམས་དང་བསྲུང་བསྡོམ་ལ་འཁྲུལ་པ་མེད་པས་བསྲུང་བ་ཞིག་དགོས༔ བྱམས་སྙིང་རྗེ་བྱང་ཆུབ་སེམས་སྒོམ་པ་ལ་དུས་རྟག་ཏུ་འཁྲུལ་པ་མེད་པ་ཞིག་དགོས༔ ལས་རྒྱུ་འབྲས་སྒོམ་པ་ལ་འཁྲུལ་པ་མེད་པས་ལས་ཕྲ་མོ་ནས་འཛེམ་པ་ཞིག་དགོས༔ བླ་མ་སངས་རྒྱས་སུ་སྒོམ་པ་ལ་འཁྲུལ་པ་མེད་དེ་སྤྱི་བོར་སྒོམ་པ་ཞིག་དགོས༔ ལར་ཆོས་བྱེད་པ་ཐམས་ཅད་སྟོང་པ་ཉིད་དུ་སྒོམ་པ་ལ་འཁྲུལ་པ་མེད་པ་སྟེ་ཐམས་ཅད་ཟུང་འཇུག་སྟོང་པའི་ངང་དུ་གནས་པ་ཞིག་དགོས༔།
Domain ཆོས་ལུགས།