From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཆོས་མངོན་པར་སྒྲུབ་པ་བཅུ་ (1)
| Part of speech
|
མིང་ཚིག
|
| Definition
|
དཀོན་མཆོག་ཏ་ལ་ལའི་གཟུངས་ཀྱི་མདོ་ལས་བྱུང་བ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་ཤེས་པ། སངས་རྒྱས་ཀྱི་ཞིང་རབ་ཏུ་གཡོ་བར་བྱ་བ། སངས་རྒྱས་ཀྱི་ཞིང་བྱིན་གྱིས་བརླབ་པ། སངས་རྒྱས་ཀྱི་ཞིང་རྣམ་པར་དཔྱད་པ། སངས་རྒྱས་ཀྱི་ཞིང་དུ་འགྲོ་བ། འཇིག་རྟེན་གྱི་ཁམས་གྲངས་མེད་པར་འགྲོ་བ། དྲི་བ་གྲངས་མེད་པར་དྲི་བ། ཡིད་ཀྱི་ལུས་མངོན་པར་སྒྲུབ་པ། སྒྲ་སྐད་ལ་སྦྱོར་བ་ཚད་མེད་པ། སེམས་བསྐྱེད་པས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ཡོངས་སུ་འགྲུབ་པ་ཡང་དག་པར་བརྗོད་པར་བྱའོ། །
|
| Domain
|
ཆོས་ལུགས།
|
ཆོས་མངོན་པར་སྒྲུབ་པ་བཅུ་ (2)
| Part of speech
|
མིང་ཚིག
|
| Definition
|
སངས་རྒྱས་ཀྱི་ཞིང་ཡོངས་སུ་ཤེས་པ་བརྗོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་རབ་ཏུ་བསྐྱེད་པ་བརྗོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་གི་བྱིན་གྱི་བརླབས་བརྗོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་དུ་རྣམ་པར་རྒྱུ་བ་བརྗོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་མནན་པ་བརྗོད་པར་བྱའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པར་འགྲོ་བ་བརྗོད་པར་བྱའོ། །ཆོས་གྲངས་མེད་པ་ཡོངས་སུ་དྲི་བ་བརྗོད་པར་བྱའོ། །ཡིད་ཀྱི་རང་བཞིན་གྱི་ལུས་མངོན་པར་སྒྲུབ་པ་བརྗོད་པར་བྱའོ། །དབྱངས་ཀྱི་སྦྱོར་བ་རབ་ཏུ་དབྱེ་བ་བརྗོད་པར་བྱའོ། །སེམས་བསྐྱེད་པ་གཅིག་ལས་སངས་རྒྱས་གྲངས་མེད་པ་བསྙེན་བཀུར་བར་བྱ་བ་བརྗོད་པར་བྱའོ། །
|