18099

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་འབྱུང་ (1)
Part of speech མིང་ཚིག
Definition ཆོས་ལུགས་དང་གྲུབ་མཐའ་ཁག་ཡུལ་གང་ཞིག་ལ་ཚུལ་ཇི་ལྟར་དར་མིན་གྱི་བྱུང་བ་བརྗོད་པའི་ཆོས་ལུགས་རིག་གནས་ཀྱི་བྱུང་ཚུལ་གཙོ་བོར་བཤད་པ་ཞིག་ལ་ཟེར། དེ་ཡང་ཐོག་མར་གསར་གཏོད་མཁན་གྱི་ལོ་རྒྱུས་དང་། གསར་གཏོད་བྱེད་དགོས་པའི་རྒྱུ་རྐྱེན། དེའི་གོ་རིམ། སློབ་བརྒྱུད་རིམ་བྱུང་། ཆོས་ལུགས་སྐོར་གསུང་རབ་གང་དང་གང་ཡོད་མེད། ཆོས་ལུགས་དེ་དར་རྒྱས་དང་ཉམས་རྒུད་བྱུང་ཚུལ། རྗེས་འབྲང་མཁས་པ་སོ་སོའི་ལོ་རྒྱུས་དང་གསུང་རྩོམ་གང་དང་གང་ཡོད་པ་བཅས་གསལ་པོར་བཤད་པ་ཞིག་ཡིན།
Domain ལོ་རྒྱུས།
ཆོས་འབྱུང་ (2)
Part of speech མིང་ཚིག
Definition མངོན་བརྗོད། མོ་མཚན་ཏེ། བུ་དང་ཟླ་མཚན་སོགས་འབྱུང་བའི་ལམ་ཡིན་པས་སོ། །
ཆོས་འབྱུང་ (3)
Part of speech མིང་ཚིག
Definition གསང་སྔགས་བླ་མེད་ཀྱི་གཞུང་རྣམས་ནས་བཤད་པའི་གྲུ་གསུམ་དབྱིབས་ཅན་གྱི་རི་མོའམ་འབུར་གཟུགས་སྟེ། འདིའི་གྲུ་གསུམ་པོ་དེས་རྣམ་ཐར་སྒོ་གསུམ་མཚོན་པ་ཡིན་ཞེས་བཤད་སྲོལ་ཡོད།
Domain ཆོས་ལུགས།