From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཆོས་ཡང་དག་པར་བླང་བ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་ཡང་དག་པར་བླང་བ་དང་པོ་སྟེ། འདི་ནི། ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་དཀར་བས་དཀར་ལ། རྣམ་པར་སྨིན་པ་དཀར་བས་དཀར་བ་མ་ཡིན་པའོ། ། ཆོས་ཡང་དག་པར་བླང་བ་རྣམ་པར་སྨིན་པ་དཀར་ལ། དཀར་བས་ཡིད་དུ་འོང་བས་དཀར་བས་དཀར་བ་མ་ཡིན་པ་གང་ཞེ་ན། ཆོས་ཡང་དག་བླང་པ་གཉིས་པ་སྟེ། འདི་ནི། ཆོས་ཡང་དག་པར་བླང་བ་རྣམ་པར་སྨིན་པ་དཀར་བས་དཀར་ལ། ཡིད་དུ་འོང་བ་དཀར་བས་དཀའ་བ་མ་ཡིན་པའོ། །ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་དཀར་བས་ཀྱང་དཀར་ལ། རྣམ་པར་སྨིན་པ་དཀར་བས་ཀྱང་དཀར་བ་གང་ཞེ་ན། ཆོས་ཡང་དག་པར་བླང་བ་གསུམ་པ་སྟེ། འདི་ནི། ཆོས་ཡང་དག་པར་བླང་བ་ཡིན་དུ་འོང་བ་དཀར་བས་ཀྱང་དཀར་ལ། རྣམ་པར་སྨིན་པ་དཀར་བས་ཀྱང་དཀར་བའོ། །ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་དཀར་བས་ཀྱང་དཀར་བ་མ་ཡིན་ལ། རྣམ་པར་སྨིན་པ་དཀར་བས་ཀྱང་དཀར་བ་མ་ཡིན་པ་གང་ཞེ་ན། ཆོས་ཡང་དག་པར་བླང་བ་བཞི་པ་སྟེ། འདི་ནི། ཡིད་དུ་འོང་བ་དཀར་བས་ཀྱང་དཀར་བ་མ་ཡིན་ལ། རྣམ་པར་སྨིན་པ་དཀར་བས་ཀྱང་དཀར་བ་མ་ཡིན་པའོ། །
|
| Domain
|
ཆོས་ལུགས།
|
ཆོས་ཡང་དག་པར་བླང་བ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་ནག་པས་ནག་ལ། རྣམ་པར་སྨིན་པ་ནག་པས་ནག་པ་མ་ཡིན་པ་གང་ཞེ་ན། ཆོས་ཡང་དག་པར་བླང་བ་དང་པོ་སྟེ། འདི་ནི། ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་ནག་པས་ནག་ལ། རྣམ་པར་སྨིན་པ་ནག་པས་ནག་པ་མ་ཡིན་པའོ། ། ཆོས་ཡང་དག་པར་བླང་བ་རྣམ་པར་སྨིན་པ་ནག་པས་ནག་ལ། ཡིད་དུ་འོང་བ་ནག་པས་ནག་པ་མ་ཡིན་པ་གང་ཞེ་ན། ཆོས་ཡང་དག་པར་བླང་བ་གཉིས་པ་སྟེ། འདི་ནི། ཆོས་ཡང་དག་པར་བླང་བ་རྣམ་པར་སྨིན་པ་ནག་པས་ནག་ལ། ཡིད་དུ་འོང་བ་ནག་པས་ནག་པ་མ་ཡིན་པའོ། །ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་ནག་པས་ཀྱང་ནག་ལ། རྣམ་པར་སྨིན་པ་ནག་པས་ཀྱང་ནག་པ་གང་ཞེ་ན། ཆོས་ཡང་དག་པར་བླང་བ་གསུམ་པ་སྟེ། འདི་ནི། ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་ནག་པས་ཀྱང་ནག་ལ། རྣམ་པར་སྨིན་པ་ནག་པས་ཀྱང་ནག་པའོ། །ཆོས་ཡང་དག་པར་བླང་བར་ཡིད་དུ་འོང་བ་ནག་པས་ནག་པ་མ་ཡིན་ལ། རྣམ་པར་སྨིན་པ་ནག་པས་ཀྱང་ནག་པ་མ་ཡིན་པ་གང་ཞེ་ན། ཆོས་ཡང་དག་པར་བླང་བ་བཞི་པ་སྟེ། འདི་ནི། ཆོས་ཡང་དག་པར་བླང་བ་ཡིད་དུ་འོང་བ་ནག་པས་ཀྱང་ནག་པ་མ་ཡིན་ལ། རྣམ་པར་སྨིན་པ་ནག་པས་ཀྱང་ནག་པ་མ་ཡིན་པའོ། །
|