18135

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་རྒྱལ་དྲུག་ (1)
Part of speech མིང་ཚིག
Definition ཤམ་བྷ་ལའི་ཆོས་རྒྱལ་དྲུག་གི་བསྡུས་མིང་སྟེ། རྒྱལ་པོ་ལྷ་ཡི་དབང་བོ་དང་། གཟི་བརྗིད་ཅན་དང་། ཟླ་བས་བྱིན་པ། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷ་ཡི་དབང་ལྡན་བཅས་སོ། །
Domain རྩིས་རིག
ཆོས་རྒྱལ་དྲུག་ (2)
Part of speech མིང་ཚིག
Definition འདས་ལོ་རྩི་བྱེད་ཀྱི་ལོ་གྲངས་ཤིག་སྟེ། འདས་ལོ་རྩི་སླ་བའི་ཆེད་དུ་དྲུག་ཅེས་ཐ་སྙད་བཏགས། དེ་ཡང་རིགས་ལྡན་དང་པའི་ལོ་རབས་མ་ཚིགས་སྔོན་ནས་ཡར་མི་ལོ་དྲུག་བརྒྱ་བརྩི་བའམ་ཕྱི་ལོ་སྔོན་གྱི་༥༢༤ པ་ནས་ཕྱི་ལོ་སྔོན་གྱི་ལོ་༧༦ པའི་བར་ལ་མི་ལོ་༦༠༠ ཡོད་པ་དེ་ཡིན་ལ། དུས་འཁོར་བསྡུས་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམ་བྷ་ལ་ཞེས་བྱ་བར་འབྱུང༌། ཞེས་དང་། རྩིས་གཞུང་ཉིན་བྱེད་སྣང་བ་ལས། དེ་འོག་ཤིང་ཕོ་སྤྲེལ་ལོ་ནས། །ལྷ་དབང་དང་ནི་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག ། སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །རེ་རེས་ལོ་བརྒྱར་རྒྱུད་བསྟན་ཕྱིར། །དྲུག་བརྒྱ་འདས་པའི་ཤིང་སྤྲེ་ནས། །ཞེས་བྱུང་།